མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སྲིད་གྲོས་ལས་དོན་སྐོར་གྱི་བཅར་འདྲི།

ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས། ---2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོའི་ཁག་བཅུ་གསུམ་པ་སྟེ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སྲིད་གྲོས་ལས་དོན།

微信图片_20191105095815.jpg

WechatIMG91.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། [གསར་འགོད་པ། གསང་བདག་རྒྱལ། རིག་འཛིན་ཚེ་རིང་།] ཟླ10ཚེས31ཉིན་གྱི་ཕྱི་དྲོར། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོའི་བཅར་འདྲི་ཚོགས་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྲིད་གྲོས་སུ་སོང་ནས་སྲིད་གྲོས་ལས་དོན་ཐད་བཅར་འདྲི་བྱས།

WechatIMG84.jpeg

WechatIMG89.jpeg

གསར་འགོད་པས་བཞུགས་མོལ་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་རྫོང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། རང་འགུལ་ངང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཁོག་ཐབས་ཇུས་ཐད་གྲོས་མོལ་ཡག་པོ་བྱེད་པ། གོ་རིམ་གལ་ཆེན་ཐད་གཞོགས་འདེགས་ཡག་པོ་བྱེད་པ། ལས་དོན་ཞིབ་ཕྲའི་ཐད་མཐུན་སྦྱོར་ཡག་པོ་བྱེད་པ། རང་འགུལ་ངང་རྫོང་ཨུ་ལ་ལོ་ཧྲིལ་པོའི་ལས་དོན་བཀོད་སྒྲིག་སྙན་སེང་ཞུས་འདུག ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ལས་ཀའི་བརྗོད་བྱའི་སྐོར་རྫོང་ཨུའི་འགོ་ཁྲིད་གཙོ་བོར་དུས་ཐོག་ཏུ་སྙན་སེང་ཞུས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་པ་སྲིད་གྲོས་ཀྱི་ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་ནང་ཞུགས་པར་གདན་འདྲེན་ཞུས་ནས། སྲིད་གྲོས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་རྫོང་ཨུའི་ལྟེ་བའི་ལས་དོན་དང་མཉམ་དུ་འགན་ལེན་བྱས་ཏེ་རྫོང་ཨུའི་འདོད་ཚུལ་དེ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་གང་ཐུབ་བྱས་ཡོད། ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་གཞི་སྒྲུབ་གཉེར་ལམ་སྲོལ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། གྲོས་གཞི་སྒྲུབ་གཉེར་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ། སྤུས་ལེགས་འདུ་ཤེས་དར་སྤེལ་བཏང་བ། གྲོས་གཞིའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། གྲོས་གཞིའི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་བཏང་ཡོད། སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་སྒྲུབ་པའི་སྡེ་ཚན་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བཞུགས་མོལ་བྱེད་པ། ས་གནས་སུ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོས་གཞི་གཙོ་གནད་ལ་ལྟ་སྐུལ་བྱས་ཡོད། རྫོང་སྲིད་གཞུང་གིས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་དང་དེ་བཞིན་བསམ་འཆར་དང་གྲོས་འགོ་སྒྲུབ་ཚུལ་སྐོར་གྱི་བརྡ་ཁྱབ་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱས་པས་ཨུ་ཡོན་གྱི་གྲོས་གཞི་དང་དེ་བཞིན་བསམ་འཆར་དང་གྲོས་འགོ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ཕྱིན་ནས་གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་ཕྱིན་ཡོད། 

WechatIMG85.jpeg

ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཥི་ཙི་པོ་ཡིས་གསར་འགོད་པར་བཤད་དོན། 2019ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་ཞིག་དང་། རྒྱལ་ཁབ་བཙུགས་ནས་ལོ70འཁོར་བ། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་འདིའི་ནང་ང་ཚོས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དགུ་པ་དང་རྫོང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་གྲོས་མོལ་དམངས་གཙོར་ཤུགས་སྣོན་གསར་པ་བརྒྱབ་པ་དང་། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་གསར་པ་བྱས་པ། ལམ་ལུགས་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་བ། མཐུན་སྒྲིལ་ལ་ཤུགས་སྣོན་གསར་པ་བགྱིས་པ། འགན་འཁྲི་སྒྲུབ་ནུས་ཆེ་རུ་ཕྱིན་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་མདུན་ཕྱོགས་སུ་སྔར་བས་སྐུལ་འདེད་བཏང་བ་བཅས་བྱས་ཡོད་ཅེས་དང་། གཞན་ཡང་ཁོས་བཤད་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱས་ཏེ་ལྟེ་བའི་ལས་དོན་གྱི་འགན་འཁྲི་གཙང་སྒྲུབ་བྱེད་པ། གྲོས་མོལ་དམངས་གཙོའི་དོན་སྙིང་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སློབ་སྦྱོང་དམ་འཛིན་ལྷོད་མེད་བྱེད་པ་དང་ཏང་གིས་སྲིད་གྲོས་ལ་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། ལས་འགན་གསར་པ་ཁོང་དུ་བརྟན་པོ་ཆུད་པ་དང་སྲིད་གྲོས་ཀྱི་འགན་སྒྲུབ་ནུས་པ་འཛུགས་སྐྱོང་ཟམ་མི་ཆད་པར་དོན་འཁྱོལ་བྱེད་པ་དེ་དག་ནི་ཐེམ་ཆེན་རྫོང་སྲིད་གྲོས་ལས་དོན་གྱི་ནང་དོན་གཙོ་བོ་དག་ཡིན་ལ། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ང་ཚོའི་ཨུ་ཡོན་རྣམས་ཀྱིས་སྲིད་ཞུགས་སྲིད་མོལ་ལ་ཧུར་ཐག་འབད་ཐག་བྱས་པ་དང་། གཞི་རིམ་དུ་ཟབ་འཇུག་སྒོས་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་ལེགས་པོར་བྲིས་པ། ཐོག་མཐའ་བར་གསུམ་དུ་གྲངས་འབོར་ལ་མི་ལྟ་བར་སྤུས་ཚད་ལ་རེ་བ་འདོན་བཞིན་ཡོད་ཅེས་བཤད།

WechatIMG92.jpeg

ཥི་ཙི་པོ་ཡིས་མཐའ་མཇུག་གསར་འགོད་པར་བཤད་དོན། དུས་རབས་གསར་པར་སླེབས་པ་དང་འགོ་འཛུགས་ས་གསར་པར་སླེབས་པས། མི་དམངས་སྲིད་གྲོས་ཀྱི་ལས་འགན་ནི་གཟི་བརྗིད་ལྡན་པ་ཞིག་རེད། ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་རྫོང་ཨུའི་འགོ་ཁྲིད་འོག་དང་། རྫོང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་གསར་འབྱེད་གསར་གཏོད་དང་། སྟོབས་ཤུགས་གཅིག་སྒྲིལ། ལེགས་ཆ་འདོན་སྤེལ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ཐེམ་ཆེན་རྫོང་འདི་ཉིད་སྔར་བས་འབྱོར་ཕྱུག་དང་། ཤེས་དཔལ། འཆམ་མཐུན། བདེ་སྐྱིད་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་མི་དམངས་སྲིད་གྲོས་ཀྱི་ནུས་པ་ཧུར་ཐག་གིས་འདོན་རྒྱུ་ཡིན་ཞེས་བཤད། །

WechatIMG82.jpeg

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།