མཚོ་སྔོན་ཞིང་ཆེན་གྱིས“རིག་ལྡན་རླུང་བརྙན་”གྱི་སྐྱེ་ཁམས་གསར་བ་སྐྱེད་སྲིང་བྱེད་པར་ནུས་ཤུགས་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཆ་འཕྲིན་དྲ་རྒྱ་མ་རྐང་ཚད་ཡོད་ཀུང་སིས་འགན་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་འཕེལ་རྒྱས་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 5Gདུས་རབས་སུ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱིས་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་མ་ལག་ཆེན་པོ་བཞི་ཧུར་ཐག་སྒོས་བཏོད་དེ། “རིག་ལྡན་རླུང་འཕྲིན་བརྙན་འཕྲིན”གྱི་སྐྱེ་ཁམས་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྲུན་ལ་བརྟན་རླིང་ངང་སྐུལ་འདེད་གཏོང་ཆེད། མིག་སྔར་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་1000བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་རིག་ལྡན་ཞབས་ཞུའི་གཞི་གྲངས་ཆེན་མོའི་ལས་གཞིའི་འཛུགས་སྐྲུན་གྱི་ལག་བསྟར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རིག་ལྡན་རླུང་འཕྲིན་བརྙན་འཕྲིན་གྱི་གཙོ་གནད་ལས་གཞི་ཚང་མ་ཕྱི་ལོའི་ལས་གཞིའི་སྔོན་རྩིས་ནང་བཅུག་པ་དང་། རྣམ་གྲངས་ཁག་གཅིག་གི་དུས་འགོའི་ཞིབ་འཇུག་སྙན་ཞུ་བཀོད་སྒྲིག་བྱ་བ་ལེགས་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནུབ་མཚོ་གྲོང་རྡལ་གྱི་སྡེ་ཁུལ་དང་གྲོང་གསེབ་6ཏུ་རིག་ལྡན་སྡེ་ཁུལ་དང་རིག་ལྡན་གྲོང་གསེབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཞིང་། མིག་སྔར་ཚོད་ལྟའི་ལས་དོན་ཚང་མ་འགྲུབ་ཡོད་པ་དང་འབྲེལ་ཚོད་ལྟ་བྱེད་འགོ་ཚུགས་ཡོད།  

སླད་ཕྱིན་མཚོ་སྔོན་ཞིང་ཆེན་གྱིས་5Gགོ་སྐབས་སུ་བྱས་ནས་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་འཕེལ་རྒྱས་དེ་རླུང་འཕྲིན་བརྙན་འཕྲིན་5Gའཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ཏེ་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་གྱི་སྐྱེ་ཁམས་གསར་པ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། བརྙན་འཕྲིན་དྭངས་གསལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། སྐུད་ཡོད་དང་། སྐུད་མེད་། སྲུང་སྐར། འཕྲིན་སྦྲེལ་དྲ་བ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་མཉམ་སྡེབ་ཀྱིས་ཐེག་ནུས་སུ་བྱེད་པ་དང་། སྤྲིན་རྩིས་དང་། གཞི་གྲངས་ཆེན་པོ། ཟོང་འབྲེལ་དྲ་བ། IPv6 མིས་བཟོས་རིག་ནུས་སོགས་ཕྱོགས་བསྡུས་གྲངས་ཀའི་ཆ་འཕྲིན་ལག་རྩལ་འདེགས་སྐྱོར་དུ་བྱས་ཏེ། རླུང་འཕྲིན་དང་བརྙན་འཕྲིན་གྱི་བློ་རིག་ཅན་གྱི་ཐོན་སྐྱེད་དང་། ཁྱབ་སྤེལ། ཞབས་ཞུ། ལྟ་སྐུལ་དོ་དམ་བཅས་མངོན་འགྱུར་ཡོང་བ་བྱས་ནས་གནས་ངེས་མེད་དང་དུས་ངེས་མེད་དུ་སྤུས་ཚད་མཐོ་བའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།