མཚོ་སྔོན་ཞིང་ཆེན་གྱིས་ན་གཞོན་ཡིད་རྟོན་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་གུང་གཞོན་ཚོགས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ནས་བསྒྲུབས་པའི་ཡིད་རྟོན་ཀྲུང་གོའི2019ལོའི་རྒྱལ་ཡོངས་སྐོར་སྐྱོད་བྱ་འགུལ་མཚོ་སྔོན་ས་ཚིགས་དང་ཞིང་ཆེན་ཡོངས་ཀྱི་ན་གཞོན་ཡིད་རྟོན་འཆད་སྟེགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གུང་གཞོན་ཚོགས་པའི་ན་གཞོན་འཐུས་ཚབ་པ་ཉིས་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

བྱ་འགུལ་གྱི་དམིགས་ཡུལ་ནི་རྒྱ་ཆེའི་ན་གཞོན་ཡིད་རྟོན་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། མཉམ་དུ་ཡིད་རྟོན་མཚོ་སྔོན་འཛུགས་སྐྲུན་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་དེ་ཡིན་ཟེར།

འཆད་སྟེགས་ཀྱི་དགེ་རྒན་གྱིས་ཆ་འཕྲིན་བསྡུ་གསོག་དང་མཉམ་འབྲེལ་ཆད་གཅོད་བེད་སྤྱོད། ཡིད་རྟོན་དམ་བཅའ་དང་ཡིད་རྟོན་སློར་གསོ་སོགས་ནང་དོན་ལ་དམིགས་ཏེ། ཡིད་རྟོན་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས། ཡུལ་དངོས་ནས་འཚོ་བའི་ཁྲོད་འཕྲད་པའི་ཡོད་རྟོན་བྱང་བུ་དང་ཡིད་རྟོན་དངུལ་བུན་སོགས་ཐད་ཀྱི་དྲི་བར་ལན་བཏབ། འཆད་ཁྲིད་ལ་ཉན་རྗེས་ཚང་མས། རྗེས་ཕྱོགས་ཡིད་རྟོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་སྒེར་གྱི་ཡིད་རྟོན་བསྡུ་གསོག་དང་མཐོར་འདེགས་བྱེད་པར་དོ་སྣང་བྱས་ནས། མཉམ་དུ་ཡིད་རྟོན་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

བྱ་འགུལ་མཇུག་རྫོགས་རྗེས། གཙོ་སྒྲུབ་ལས་ཁུངས་ཀྱིས་རྒྱ་ཆེའི་ན་གཞོན་ཚོ་ཡིད་རྟོན་ཕུགས་འདུན་གྱི་ལག་བསྟར་མཁན་བྱེད་པར་བརྩོན་ལེན་བྱེད་པ་དང་། ན་གཞོན་གྱི་མིང་ཐོག་ནས་ཡིད་རྟོན་གྱི་ཚབ་བྱེད་པ། མཉམ་དུ་ཡིད་རྟོན་མཚོ་སྔོན་དང་ཡིད་རྟོན་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་རྒྱུའི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།