ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པའི་ཕྱིར་ལྟའི་གནས་ཚུལ་ཡར་ཞུ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པའི་ཕྱིར་བལྟའི་གནས་ཚུལ་ཡར་ཞུ་གྲོས་ཚོགས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ཟི་ལིང་ནས་ཚོགས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཝུའུ་ཞིན་ཞུང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་ཕྱིར་ལྟའི་གནས་ཚུལ་ཐད་ནས་ཡར་ཞུ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། པེ་ཅིན་དུ་ཚོགས་འདུར་ཞུགས་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།

ཝུའུ་ཞིན་ཞུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྟ་སྐུལ་མཛུབ་སྟོན་དང་དག་ཐེར་ལེགས་བཅོས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་དང་དག་ཐེར་ལེགས་བཅོས་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཞིབ་བཤེར་གལ་ཆེན་དུ་བརྩིས་ནས། སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་སྒོས་འཆར་འགོད་བཀོད་སྒྲིག་བྱེད་པ། ཞིང་ཆེན་རིམ་པའི་འགོ་ཁྲིད་མི་སྣའི་ལྟ་སྐུལ་མཛུབ་སྟོན་འགན་འཁྲི་ལམ་ལུགས་འཛུགས་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་བསམ་འཆར་རེ་རེ་བཞིན་འགན་འཁྲི་སྡེ་ཁག་གཏན་ཁེལ་བྱེད་པ་དང་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། གཞི་གཅིག་ཅན་ལག་བསྟར་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་ཐད་ཀྱི་བསམ་འཆར་དག་ཐེར་ལེགས་བཅོས་ནན་མོ་བྱེད་པར་ཁག་ཐེག་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་གནད་དོན་དང་འགན་འཁྲི་རྩད་གཅོད་བྱ་བ་ལག་བསྟར་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་དག་ཐེར་ལེགས་བཅོས་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ཆེད་དོན་འཐབ་རྩོད་ཐད་ནས་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

དབྱིན་པའེ་ཡིས་བསྟན་དོན། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་བསམ་འཆར་ཐད་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་གནད་དོན་འཚོལ་ཞིབ་ཡང་དག་བྱས་ལ། བསམ་འཆར་བཟང་བོ་བཏོན་ཡོད། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད་ཉེན་བརྡ་ཡང་བཏང་ཡོད་ལ། ད་དུང་བྱེད་ཐབས་བཟང་བོ་བཏོན་པ་དང་གནོན་ཤུགས་བརྒྱུད་ཁྲིད་བྱེད་པའི་ཁ་ཕྱོགས་བསྟན་ནས། ང་ཚོའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བབ་བསྟུན་མདུན་སྐྱོད་བྱེད་པ། ནག་སེལ་ངན་འཇོམས་ཀྱི་རྒྱལ་ཁ་ལེན་པ། ཁྱོན་ཡོངས་ནས་ཆེད་དོན་འཐབ་རྩོད་ཐད་ཀྱི་ཟུར་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པའི་ཐད་མཛུབ་སྟོན་འདོན་སྤྲོད་བྱས། ང་ཚོས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་གྱི་ཕྱིར་ལྟ་དེ་གོ་སྐབས་སུ་བརྩིས་ནས། ཆབ་སྲིད་ཀྱི་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གཙོ་གཞི་འགན་འཁྲི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བཏོན་པའི་བསམ་འཆར་ལ་དམིགས་པ་དང་ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་དགོས། གཅིག་ནས་གནད་དོན་ལྟ་ཞིབ་གཏིང་ཟབ་བྱེད་དགོས། གཉིས་ནས་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་དགོས། གསུམ་ནས་གནད་དོན་ལ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། བཞི་ནས་དངོས་གཉེར་གོ་ཆོད་ཀྱི་རྐྱེན་སྲོལ་འཛུགས་སྐྲུན་བྱེད་དགོས་ཟེར།

ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པའི་ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ་དང་ལྟ་སྐུལ་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀའོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུའུ་རིན་གཞོན་པ། ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།