སྤྱི་ནེའུ་ཐང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་སྡེ་ཁུལ་ཆུང་བ། འབྲོག་མའི་རེ་བའི་ཁྱིམ་གཞིས།

1572398167222687.jpg

དབུལ་པོའི་གནས་སྤོར་དུད་ཚང་གི་བདེ་སྐྱིད་ཀྱི་འཚོ་བའི་འགོ་འཛུགས་ས་སྟེ། འབྲོག་མའི་རེ་བའི་ཁྱིམ་གཞིས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས27ཉིན། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྤྱི་ནེའུ་ཐང་ཡུལ་གཞན་གནས་སྤོར་དབུལ་སྐྱོར་སྡེ་ཁུལ་འབྲོག་མའི་རེ་བའི་ཁྱིམ་གཞིས་དུ་སོང་། རྫ་སྟོད་རྫོང་གི་ལོ་ལྔའི་ཚན་པ་བཅུ་གསུམ་པའི་སྐབས་དུད་ཚང711དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ3139ལ་ལོ་འཁོར་གཉིས་སུ་དབྱེ་ནས་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བྱས་ཤིང་། དེའི་ནང2016ལོར་དུད་ཚང43དང་མི་གྲངས167གནས་སྤོར་བྱས་པ་དང་། 2017ལོར་དུད་ཚང668དང་མི་གྲངས2972གནས་སྤོར་བྱས་པ་རེད། 


1572398179699448.jpg

སྡེ་ཁུལ་གྱི་ནང་དུ་ཐོག་ཁང་སུམ་བརྩེགས་ཅན་གྲལ་དག་ཅིང་སྟར་ཕྲེང་བསྒྲིགས་ནས་ཡོད། 

“འབྲོག་མའི་རེ་བའི་ཁྱིམ་གཞིས”ཀྱི་སྡེ་ཁུལ་ཆུང་བའི་ནང་དུ་སྡོད་མཁན་དུད་ཚང་དབུལ་པོ་འདམ་གཞུང་ཤང་དང་། རྫ་ཆེན་ཤང་། སྨུག་གཞུང་ཤང་སོགས་ས་ཁུལ་དབུལ་པོ་ནས་ཡིན་པ་རེད། གནས་སྤོར་དུད་ཚང་གི་ཁྱིམ་དུ་སྐྱོད་སྐབས་ཁང་པའི་ནང་གཙང་སྦྲ་བཟང་ཞིང་ཆུ་དང་། གློག་དྲོད་བཅས་དུད་ཚང་དུ་ཁྱབ་ཡོད། ཡུལ་གཞན་གནས་སྤོར་བྱ་རྒྱུའི་སྐོར་གླེང་སྐབས་ཚང་མས་གཅིག་རྗེས་གཉིས་མཐུད་ངང“ཏང་དང་སྲིད་གཞུང་གིས་ང་ཚོ་འདི་ལྟ་བུའི་སྡོད་ཁང་བཟང་པོ་ཞིག་ཏུ་འདུག་ཏུ་བཅུག་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་བཅུག་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར། ”

1572398192457013.jpg

 ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱས་རྗེས་ཀྱི་བྱིས་པའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མངོན། 

1572398208169415.jpg

བྱིས་པ་ཚོས་འཚོ་བ་གསར་བའི་ཁྲོད་དུ་ལང་ཚོའི་གསོན་ཤུགས་རྒྱས་ཡོད། 

1572398222627785.jpg

ཡུལ་གཞན་གནས་སྤོར་བྱས་པའི་དབུལ་སྐྱོར་ཕྲུ་གུར་རང་རློམ་དང་གཟི་བརྗིད་མཚན་སྙན་དེ་བས་མང་བ་སྦྱིན་ཡོད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།