《 ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཚིག་མཛོད་ཆེན་མོ་ལས་མཚོ་སྔོན་གྱི་གླེགས་བམ།》རྩོམ་སྒྲིག་གི་བྱ་བ་དངོས་སུ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།《 ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཚིག་མཛོད་ཆེན་མོ་ལས་མཚོ་སྔོན་གྱི་གླེགས་བམ།》རྩོམ་སྒྲིག་གི་བྱ་བ་ཟི་ལིང་དུ་དངོས་སུ་འགོ་བརྩམས།

2012ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཐེངས་བཞི་བའི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་བཤེར་བྱ་བ་འགོ་བརྩམས། དེ་ནི་མི་1200ལྷག་ཞུགས་ཤིང་མ་དངུལ་སྒོར་ཁྲི་2760བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་46དང་། ཞིང་དང་གྲོང་བརྡལ་454། གྲོང་སྡེ་4716་ལ་སོང་ཞིང་ལམ་ཐག་སྤྱི་ལེ་ཁྲི་40ལྷག་ལ་བརྒལ་བའི་ལས་གཞི་ཞིག་རེད། ཡོངས་བཤེར་མི་སྣས་“རི་ཆུ་བརྒལ་ཀྱང་མི་རྒས་མེད། ཕུགས་འདུན་མི་བརྗེད་སྨན་རྒྱུད་སྲུང་”ཞེས་པའི་འགན་འཁྲི་དང་ཉེར་ལེན་ཁུར་དུ་བླངས་ནས། མཚོ་སྔོན་གྱི་སྨན་བཀོལ་སྐྱེ་དངོས་1340ལ་ཡོངས་བཤེར་བྱས་ཤིང་དེ་དག་གི་ཁྱབ་ཚུལ་གྱི་ཆོས་ཉིད་དང་འགུལ་རྣམ་འགྱུར་ལྡོག་གི་འཕེལ་ཕྱོགས་ཀྱི་རྒྱུས་བླངས་པ་དང་། འདེབས་འཛུགས་སྨན་རྫས་རིགས་34དང་སྲོལ་རྒྱུན་ཤེས་བྱ་156ལྷག་ཉར་གསོག་བྱས་ཞིང་། བརྩམས་ཆོས་ཁག་5་རྩོམ་སྒྲིག་བྱས་ནས་པར་དུ་བཏབ་པ་དང་། ཚན་རིག་ཞིབ་འཇུག་གི་འབྲས་བུ་4ཐོབ་ཅིང་དངོས་དཔེ་ཁང་4བཙུགས་ལ། སྨན་བཀོལ་སྐྱེ་དངོས་ཀྱི་གཙོ་གནད་སྐྱེ་དངོས་ཉར་ཚགས་ར་བ་1འགྲུབ་ནས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་མ་རྒྱུའི་སྤུས་ཚད་རྟག་དཔྱད་ལག་རྩལ་ཞབས་ཞུའི་ལྟེ་གནས་དང་། ཟི་ལིང་ས་ཚུགས་དང་མོན་ཡོན་ས་ཚུགས་བཅས་འཛུགས་སྐྲུན་བྱས།

《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཚིག་མཛོད་ཆེན་མོ། མཚོ་སྔོན་གྱི་གླེགས་བམ།》རྩོམ་སྒྲིག་བྱས་པ་དེས་ཡོངས་བཤེར་གྱི་འབྲས་བུ་བེད་སྤྱོད་གང་ལེགས་བྱས་ཤིང་། ས་ཁུངས་ནང་གི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ལ་སྲུང་སྐྱོབ་དང་ལུགས་མཐུན་སྒོས་འཕེལ་རྒྱས་གཏོང་བའི་རིག་ལམ་ལ་འཚོལ་ཞིབ་དང་ཞིབ་འཇུག་བྱས་ནས། ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ། བེད་སྤྱོད་བྱེད་པའི་ཕྱོགས་བསྡུས་འཆར་འགོད་བཙུགས་ཅིང་། ཀྲུང་ལུགས་སྨན་རྫས་ཐོན་ཁུངས་གཞི་གྲངས་མཛོདདང་ཆ་འཕྲིན་སྟེགས་བུ་འཛུགས་སྐྲུན་བྱས་ནས་ཡོངས་བཤེར་གཞི་གྲངས་ཆེན་མོས་བརྟེན་གཞི་བྱས་ནས་འབྲས་བུ་བརྗེ་བསྒྱུར་བྱས་ཏེ། སྨན་རྫས་ལས་རིགས་་འཕེལ་རྒྱས་ལེགས་པོ་འགྲོ་བ་དང་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཞུ་བྱས་ནས་ས་ཁུངས་དཔལ་འབྱོར་འཕེལ་རྒྱས་དང་ཀྲུང་ལུགས་སྨན་རྫས་རྒྱ་ཆའི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་རྟེན་གཞི་མཁོ་འདོན་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གྱི་འཕྲོད་རྟེན་སྨན་བཅོས་ལས་ཁུངས་14ཐེངས་འདིའི་《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཚིག་མཛོད་ཆེན་མོ། མཚོ་སྔོན་གྱི་གླེགས་བམ།》རྩོམ་སྒྲིག་བྱ་བར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།