དབྱང་ཧྥིན་ཁྲོན་གྱིས་མཚོ་སྔོན་གྱི་ཏོ་ཧ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་སྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པར་མཇལ་འཕྲད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་མཚོ་སྔོན་གྱི་ཏོ་ཧ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་སྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པ་དང་རྩལ་ཁྲིད་པ་རྣམས་ལ་ཐུག་འཕྲད་འཚམས་འདྲི་བྱས་པར་མ་ཟད།  ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གྲུབ་འབྲས་ཡག་པོ་ཐོབ་པའི་ལུས་རྩལ་པར་རྟེན་འབྲེལ་ཞུས་པ་ལས་གཞན། ལུས་རྩལ་པ་ཡོངས་དང་རྩལ་ཁྲིད་པ། ལས་བཟོ་བ་བཅས་ལ་སྙིང་ཉེ་བའི་ངང་ནས་ཁམས་འདྲི་ཞུས།

ཏོ་ཧའི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་འགྲན་སྡུར་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་བཞི་འགྲན་སྡུར་ནང་ཞུགས་ཡོད་པ་དང་། ཆོས་དབྱིངས་སྐྱིད་དང་ཀླུ་མོ་མཚོར་སོ་སོར་བུད་མེད་ཀྱི་སྤྱི་ལེ་ཉི་ཤུ་དང་ལྔ་བཅུའི་འདུར་རྒྱུག་འགྲན་རིམ་ལས་དངུལ་གྱི་རྟགས་མ་ཐོབ་ནས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དངམཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་ལེགས་སྐྱེས་གྱ་ནོམ་པ་ཕུལ།
དབྱང་ཧྥིན་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པས་འཛམ་གླིང་གི་འགྲན་སྡུར་ཁྲོད་དུ་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་མཚོ་སྔོན་གསར་པའི་སྙིང་སྟོབས། ཚོགས་པའི་མཉམ་ལས་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། སྔོན་ཐོན་བརྩོན་ལེན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལུས་རྩལ་པ་དང་རྩལ་ཁྲིད་པ། ལུས་རྩལ་ལས་བཟོ་བ་བཅས་ལ་སྐུལ་མ་བཏང་ཡོད། ཚང་མས་མུ་མཐུད་དུ་དཔའ་ངར་ཞུམ་མེད་ཀྱི་བསམ་སྦྱོར་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁ་ཐོབ་ངེས་གཏན་ཡིད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་སྦྱོང་བརྡར་བྱེད་པ། རང་ཉིད་ལས་བརྒལ་ཕོད་པ་བཅས་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ནས། མཚོ་སྔོན་ལ་གཟི་བརྗིད་བསྣོན་པ་དང་རྒྱལ་ཁབ་ བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།