མཚོ་སྔོན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་སྒྲིལ་བར་བྱེད་སྒོ་སྣ་མང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གདུན་ཉིན་གྱི་དགོང་མོར། ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་སྒྲིལ་བའི་བྱེད་སྒོ་རབས་དང་རིམ་པའི་གྲས་ལས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་ཀྲང་ཀྲང་ཞི་མེན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཚོགས་འདུར་ཞུགས་ནས། བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་བྱིན།

ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ནི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་གཉེར་བའི་མང་ཚོགས་ཀྱི་རིག་རྩལ་གྲུབ་འབྲས་གཅིག་བསྡུས་སྒོས་མངོན་པ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་བ།  མང་ཚོགས་ཞུགས་རྒྱ་ཆེ་ཤོས་བཅས་ཀྱི་ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་རིག་རྩལ་ཞིག་ཡིན། བྱེད་སྒོ་དེ་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཟི་ལིང་ནས་བདེ་ལེགས་ངང་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཆེད་དོན་ལེ་ཚན་གཅིག་རྩ་འཛུགས་བྱས་པའི་ཁར། ཞིང་ཆེན་རིག་གནས་ཁང་གིས་ཆེད་དོན་ལེ་ཚན་དགུ་བསྒྲུབས་ནས་གྲུབ་པ་ཞིག་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།