མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་ལས་དོན་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་གནས་ཚུལ་བསྒྲགས་པ་ལས་གཞན། ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཉེས་དོན་ཁྲིམས་ར་གཉིས་པ་བཅས་ཀྱིས་ཚོགས་ཐོག་ནས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཚོགས་འདུར་ཞུགས་ནས་དེ་འབྲེལ་གྱི་གཏམ་བཤད།  

གྲོས་ཚོགས་ལས་བསྟན་དོན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ཇེ་མང་དུ་འཕེལ་བ་དང་འདྲི་གཅོད་ལག་བསྟར་ལས་དོན་གྱི་གནོན་ཤུགས་མུར་ཆེ་རུ་འགྲོ་བའི་གནས་ཚུལ་འོག་ཏུ། འདྲི་གཅོད་ལག་བསྟར་ལས་དོན་ལ་སྤྱི་ཡོངས་ནས་རྣམ་པ་བཟང་པོ་མངོན་ཡོད། ས་གནས་ཁག་གི་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་གྱི་ལས་ཆོད་མཐོན་པོ་རྒྱུན་འཁྱོངས་བྱས་ཐུབ་པ་དང་། གྱོད་གཞིའི་སྤུས་ཚད་ཇེ་བརྟན་དུ་སོང་བའི་རྨང་གཞིའི་སྟེང་དུ་གོང་འཕེལ་བྱུང་བ། ལག་བསྟར་བྱེད་དཀའ་བ་གཞི་རྩའི་ཆ་ནས་ཐག་བཅད་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་སོང་པ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་རིམ་བཞིན་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པ་བཅས་བྱུང་ཡོད། འོན་ཀྱང་ས་གནས་ཁག་གི་ཁྲིམས་ཁང་གི་ལས་དོན་དོ་མཉམ་མིན་པའི་གནད་དོན་ད་དུང་མངོན་གསལ་དོད་པོའི་ངང་གནས་ཡོད་ཟེར།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ས་གནས་ཁག་གི་ཁྲིམས་ཁང་གིས་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་གྱོད་སྒྲུབ་འཆར་གཞི་བཟོ་རྒྱུ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་གྱོད་སྒྲུབ་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། གྱོད་སྒྲུབ་ཀྱི་སྟོབས་ཤུགས་ལ་སྣེ་འདོམས་བྱེད་པ། གསོག་འཇོག་བྱས་པའི་གྱོད་གཞི་ཁྱོན་ཡོངས་ནས་གཙང་བཤེར་དང་ཁོང་དུ་ཆུད་པ་བཅས་བྱེད་དགོས་པར་མ་ཟད། ཞུ་གཏུག་དང་འདུམ་འགྲིག་གི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་ཁང་གི་ཐིན་ཀྲང་གིས་སྣེ་ཁྲིད་དེ་གྱོད་གཞི་སྒྲུབ་པའི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འདྲི་གཅོད་ལག་བསྟར་ལ་ཚན་རིག་དང་མཐུན་པའི་ཆོས་ཉིད་དང་ལམ་སྲོལ་འཛུགས་དགོས། འདྲི་གཅོད་ལྟ་སྐུལ་དོ་དམ་ལས་ཀར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དྲ་ཐོག་ནས་དུས་མཉམ་དུ་གྱོད་གཞི་ཞིབ་གཅོད་བྱ་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། འདྲི་གཅོད་བརྒྱུད་རིམ་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་ལག་བསྟར་ཆ་འཕྲིན་ཡོངས་བསྒྲགས་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ལག་བསྟར་བྱེད་དཀའ་བའི་ལས་ཀའི་གྲུབ་འབྲས་གཞི་རྩའི་ཆ་ནས་ཐག་བཅད་པའི་ཆེད་དོན་ལག་བསྟར་བྱེད་སྒོར་བཀོད་སྒྲིག་བྱས་ནས། ལས་དོན་ལག་བསྟར་གྱི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།