མཚོ་ནུབ་ཁུལ་གྱི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུས་ཡོངས་ཁྱབ་བཞི་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། མཚོ་ནུབ་ཁུལ་གྱིས་རྒྱུན་མཐུད་སྒོས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་བྱས་པ་དང་།གྲོང་གསེབ་ཏུ་བདེ་ཐང་ཡོངས་ཁེབས་རང་བཞིན་གྱི་ཁྲིམས་ལུགས་ཞབས་ཞུའི་དྲ་རྒྱ་བཙུགས་པས།ཕན་འབྲས་ལྡན་པའི་ངང་སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་ནུས་ཁུངས་སྡེབ་སྒྲིག་བྱས་པ་དང་སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་ཡོངས་ཁྱབ་བཞི་མངོན་འགྱུར་བྱུང་ནས།མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ།བདེ་འཇགས་ཚོར་བ་བཅས་མུ་མཐུད་ཤུགས་དྲག་ཏུ་བཏང་།

སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་དྲ་རྒྱས་ཡོངས་ཁྱབ་མངོན་འགྱུར་བྱུང་། མཚོ་ནུབ་ཁུལ་གྱིས་སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞིའི་བླང་བྱ་དང་གཅིག་གྱུར་གྱི་མིང་དང་གཅིག་གྱུར་སྒོ་བྱང་། གཅིག་གྱུར་གྱི་ལམ་ལུགས། གཅིག་གྱུར་རྩིས་ཁྲ་བཅས་ཀྱི་ཚད་གཞི་ལྟར། ཕྱོགས་ཡོངས་ནས་ཁུལ་དང་རྫོང་། གྲོང་ཁྱེར། གྲོང་གསེབ་དང་སྡེ་ཁུལ་བཅས་རིམ་པ་བཞི་ནས་སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་སྟེགས་བུ་བཙུགས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་བདུན་བཙུགས་པ་དང་། ལྟེ་གནས་གང་རུང་ནས་ཁྲིམས་ལུགས་འདྲི་རྩད་དང་། མི་དམངས་འདུམ་འགྲིག་སོགས་ཁྲིམས་ལུགས་ཞབས་ཞུའི་ལས་ཀ་སྣ་མང་སྒྲུབ་ཐུབ་པ་མངོན་འགྱུར་བྱུང་།ཁུལ་ཡོངས་ཀྱི་སྡེ་ཁུལ་སུམ་བརྒྱ་བདུན་ཅུ་ནས་ཁྲིམས་ལུགས་འདྲི་རྟོགས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ནས། གཞི་རིམ་མང་ཚོགས་ཀྱིས་ཐད་ཀར་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི་ཁྲིམས་ལུགས་ཞབས་ཞུར་རོལ་མྱོང་བྱས་ཆོག

སྡེ་བ་རིམ་པའི་ཁྲིམས་ལུགས་འདྲི་རྟོགས་ཀྱི་ཡོངས་ཁྱབ་མངོན་འགྱུར་བྱུང་། ད་ལོའི་ལོ་སྟོད་དུ། ཁུལ་ཡོངས་ཀྱི་རིམ་པ་གསུམ་གྱི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུ་ལས་ཁུངས་ཀྱིས་ཁྲིམས་ལུགས་འདྲི་རྩད་ཕྱོགས་ནས་ལེན་འདེབས་གྲངས་སྡོམ་པས་མི་ཉིས་སྟོང་ལྔ་བརྒྱ་ཉེར་གསུམ་ལ་སླེབས།ཁྲིམས་ལུགས་ཞབས་ཞུའི་གྱོད་དོན་བདུན་བརྒྱ་དང་སོ་གཅིག་སྒྲུབ་ནས།གཞི་རིམ་ཞི་མཐུན་གཏན་འཇགས་ཡོང་བར་སྲུང་སྐྱོབ་དང་ཁྲིམས་ལུགས་འཛུགས་སྐྱོང་སྐུལ་འདེད་བྱེད་པར་ནུས་པ་བླ་ལྷག་ཐོན།

ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཀྱིས་ཡོངས་ཁྱབ་མངོན་འགྱུར་བྱུང་།ཁུལ་ཡོངས་ནས་ལས་གཉེར་ལོ་གསུམ་ཡན་གྱི་ཉེས་དོན་གྱོད་གཞིའི་དག་འབུད་ཁྲིམས་རྩོད་པ་བཞི་ཅུའི་འཇོན་མིའི་མཛོད་བཙུགས་ནས།ཁྲིམས་རྩོད་པའི་མངག་གཏོང་བྱེད་སྟངས་དང་གྱོད་སྒྲུབ་ཁ་གསབ་ཚད་གཞི་དོན་འཁྱོལ་བྱེད་པ།གྲོན་དངུལ་ཡོངས་ཁུངས་སོགས་འཐུས་ཚང་དུ་བཏང་།

གཞུང་དཔང་བྱེད་སྒོའི་ཡོངས་ཁྱབ་མངོན་འགྱུར་བྱུང་།མི་དམངས་མང་ཚོགས་ཀྱི་གཞུང་དཔང་ཞབས་ཞུའི་དགོས་མཁོ་སྐོང་ཆེད།ཁུལ་ཡོངས་ནས་སྔར་ཡོད་ཀྱི་གཞུང་དཔང་བདག་ཁོངས་བརྒྱད་ས་ཁོངས་གཅིག་ཏུ་ལེགས་སྒྲིག་བྱེད་པ་དང་།སྒོ་འབྱེད་མཉམ་སྤྱོད་ཀྱི་གཞུང་དཔང་ཞབས་ཞུའི་ལས་སྒོ་བཙུགས་ནས།མང་ཚོགས་ཀྱིས་གཞུང་དཔང་བྱེད་སྒོ་སྒྲུབ་པར་སྟབས་བདེ་གང་ལེགས་བསྐྲུན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།