མཚོ་སྔོན་གནམ་ཐང་ཀུང་སིའི་ཟི་ལིང་ནས་པེ་ཅིང་ཏ་ཤིང་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་གནམ་ཐང་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ10ཚེས27ཉིན་ཤར་ཕྱོགས་མཁའ་འགྲུལ་དང་། ལྷོ་ཕྱོགས་མཁའ་འགྲུལ། རྒྱལ་ས་མཁའ་འགྲུལ་བཅས་ཀྱིས་ལག་བསྟར་བྱས་པའི་ཟི་ལིང་ནས་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་བར་གྱི་མཁའ་ལམ་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དུ་སྤོ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཟི་ལིང་གནམ་ཐང་ནས་ཏ་ཤིང་གནམ་ཐང་བར་གྱི་དུས་གཏན་གནམ་གྲུ་ཉིན་རེར་ཆ་སྙོམས་ཐེངས3ཡན་འཕུར་རྒྱུ་ཡིན་པ་རེད།

མཚོ་སྔོན་གནམ་ཐང་ཀུང་སིའི་ཁྲོམ་ར་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་པའོ་པའོ་ཡིས། ཚེས27ཉིན་ནས་བཟུང་། ཟི་ལིང་གི་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་གིས་དགུན་དུས་དང་དཔྱིད་དུས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད། ནམ་དུས་གྱུར་རྗེས་ཟི་ལིང་གནམ་ཐང་གིས་མཁའ་ལམ62ལག་བསྟར་བྱ་རྒྱུ་ཡིན་པ་དང་གྲོང་ཁྱེར48ལ་མཁའ་ལམ་ཤར་གཏོང་ཐུབ་རྒྱུ་རེད། དེའི་ནང་ཤར་ཕྱོགས་མཁའ་འགྲུལ་དང་། ལྷོ་ཕྱོགས་མཁའ་འགྲུལ། རྒྱལ་སའི་མཁའ་འགྲུལ་བཅས་ཀྱིས་ལག་བསྟར་བྱས་པའི་ཟི་ལིང་ནས་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་བར་གྱི་མཁའ་ལམ་དེ་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དུ་སྤོ་རྒྱུ་ཡིན་པ་དང་། དེའི་ནང་ཤར་ཕྱོགས་མཁའ་འགྲུལ་གྱི་ཉིན་རེའི་དུས་གཏན་གནམ་གྲུ་2དང་། ལྷོ་ཕྱོགས་མཁའ་འགྲུལ་གྱི་ཉིན་རེའི་དུས་གཏན་གནམ་གྲུ་1 རྒྱལ་སའི་མཁའ་འགྲུལ་གྱི་གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་ཉི་མར་དུས་གཏན་གནམ་གྲུ1བཅས་ཡོད། ཞོགས་པ་སྔ་ཤོས་ཆུ་ཚོད7∶10དང་དགོང་མོ་ཕྱི་ཤོས་ཆུ་ཚོད19∶30ལ་ཐོན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

“ད་ཐེངས་པེ་ཅིང་གི་མཁའ་ལམ་ཁག་གཅིག་ཏ་ཤིང་གནམ་ཐང་དུ་སྤོས་པ་དེ་མང་ཚོགས་ཀྱི་ངོས་ནས་བརྗོད་ན། པེ་ཅིང་དུ་སྐྱོད་པའི་དུས་གཏན་གནམ་གྲུ་སྔར་བས་མང་དུ་ཕྱིན་པ་དང་གནམ་ཐང་ནས་པེ་ཅིང་གྲོང་ཁུལ་དུ་སྐྱོད་པའི་འགྲིམ་འགྲུལ་ཡང་དེ་བས་སྟབས་བདེ་རུ་འགྲོ་སྲིད་ལ། གནམ་གྲུ་སྒུག་ཁང་གི་ཚོང་ལས་ཀྱི་རྣམ་པ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཏེ་འགྲུལ་པ་ཚོར་མྱོང་ཚོར་གསར་པ་ཞིག་སྦྱིན་སྲིད”ཅེས་ལི་པའོ་པའོ་ཡིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།