མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གཞི་རིམ་འཛུགས་སྐྲུན་ལོའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གཞི་རིམ་འཛུགས་སྐྲུན་ལོའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་མཚོ་ཤར་གྲོང་ཁྱེར་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཉེའོ་ཁྲིན་ཡོན་གྱིས་ཤིས་ཚིག་ཕུལ།

ཐིན་ཅཱ་ཚའེ་ཡིས་གཞི་རིམ་འཛུགས་སྐྲུན་ལོའི་ལས་དོན་སྤེལ་བའི་ཚུན་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས། གཞི་རིམ་འཛུགས་སྐྲུན་ལོའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དམ་འཛིན་གཏིང་ཟབ་དང་ཡུན་རིང་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་དགོས་པ་དང་ཤུགས་སྣོན་རྣལ་མ་རྒྱག་དགོས། སློབ་སྦྱོང་དམ་འཛིན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་ཐོག་མཐའ་བར་གསུམ་ཀུན་ལ་ཨང་དང་པོར་འཛིན་དགོས་ཤིང་།  གསར་གཏོད་དམ་འཛིན་བྱས་ནས་གཞི་རིམ་གྱི་ལྟ་སྐུལ་སྒྲིག་བསྟར་ཁྲིམས་འཛིན་གཞི་གཅིག་ཅན་འཛུགས་སྐྲུན་ལ་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ལ་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལམ་ལུགས་ཚད་ལྡན་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསོ་སྦྱོང་དང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱེད་པ། སྤྱོད་ལམ་དམ་འཛིན་དང་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས། སྤྱོད་ལམ་འཛུགས་པ། རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རིམ་པ་བཞིན་འགན་འཁྲི་ཇེ་ནན་དུ་གཏོང་བ་དང་ཡུན་ཕན་ལམ་སྲོལ་ཆགས་པར་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།