མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་བསླངས་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱིས་ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་ནུས་ལྡན་བྱ་ཐབས་སྤྱད་དེ། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པར་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ་མགྱོགས་མྱུར་གྱིས་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར་བ་དང་མུ་མཐུད་དུ་གཏིང་ཟབ་ཏུ་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་དང་། ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད། 

ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱིས་ཚད་མཐོ་བའི་མཐོང་ཆེན་གནང་ནས་ཏང་རྩ་འཛུགས(རྒྱ་ཁྱབ)ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ་དང་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་ནན་ཏན་ངང་དམ་འཛིན་ཡག་པོ་དང་འདོན་སྤེལ་ཡག་པོ་བྱེད་པ། གཅིག་མཐུན་གྱི་ངོས་འཛིན་ངང་ལས་དོན་ཡག་པོ་སྒྲུབ་པ། ཨུ་ཡོན་ལྷན་ཚོགས་ཀྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་སྲིད་གྲོས་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཕྱོགས་བདུན་ལ་བཀོད་སྒྲིག་གནང་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཀྱིས་ནན་གྱིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་ལ་དངོས་སུ་བཀོད་སྒྲིག་བྱས་ཏེ་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

ཞིང་ཆེན་སྲིད་གྲོས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ལྟེ་བའི་རྩ་འཛུགས་དང་། ཚང་འཛོམས་ཨུ་ཡོན་ལྷན་ཚོགས། རྒྱུན་ལས་ཨུ་ཡོན་ལྷན་ཚོགས། ཨུ་ཡོན་གསོ་སྦྱོང་བཅས་ཀྱི་སློབ་སྦྱོང་ནང་དོན་གལ་ཆེན་ནང་བཅུག་པ་དང་། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་གྲོང་ཁྱེར་དང་ཁུལ། རྫོང་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་སོགས་ཀྱི་མི་གྲངས1800ལྷག་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ་ཕན་ལིས་ཀང་གི་དྲིལ་བསྒྲགས་སྙན་ཞུ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཁག་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་མིག་སྔར་སྤེལ་བཞིན་པའི་བརྟག་ཞིབ་ལྟ་ཞིབ་སོ་སོ་དང་། བྱ་བའི་སྤྱི་བསྡོམས། གྲོས་མོལ་གྲོས་གཞི་བསྡུ་ལེན་སོགས་ཀྱི་ལས་དོན་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་གཞི་རིམ་སྲིད་གྲོས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་བརྗོད་དོན་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་དམ་ཟབ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་བཞུགས་མོལ་སྤེལ་རེས་དང་། ཆེད་དོན་བགྲོ་གླེང་། ཟུར་ཁྲིད་སྙན་ཞུ་སོགས་གཅིག་སྡུད་སློབ་སྦྱོང་གི་བྱེད་སྒོ་སྤེལ་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཏུ་སྤེལ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།