མཚོ་སྔོན་ཞིང་ཆེན་གྱིས་དཀའ་ཁག་ཆེ་བའི་ཁེ་ལས་ལ་ཁེ་སྐྱོར་ལས་བརྟན་གྱི་མ་དངུལ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་གཉེར་ལ་དཀའ་ཁག་ཆེ་ཡང་བསྐྱར་གསོའི་རེ་བ་ཡོད་པའི་ཁེ་ལས་43ལ་ཁེ་སྐྱོར་ལས་བརྟན་མ་དངུལ་སྒོར་དུང་ཕྱུར་2.6གནང་བ་དང་ཁེ་ལས་ལས་བཟོ་བ་ཁྲི་3.22ལ་རོགས་རམ་ཐོབ། ཚད་ཆེན་པོའི་སྒོ་ནས་ལས་ཤོར་འགན་བཅོལ་གྱི་ལས་ཤོར་སྔོན་འགོག་དང་ལས་གནས་ཇེ་བརྟན། ལས་ཞུགས་ལ་སྐུལ་འདེད་བཅས་ཀྱི་“བརྟན་རླིང་ཡོ་བྱེད”ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་ཀྱི་དཀའ་ཁག་སེལ་ནས་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་བ་སྤྱིན།

ད་ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་སྲིད་གཞུང་གི་ལས་ཞུགས་བྱ་བར་སྐུལ་འདེད་སྐོར་གྱི་ལག་བསྟར་བསམ་འཆར་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་གཏོང་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་སོགས་སྡེ་ཁག་5ཡིས་ལས་ཤོར་འགན་བཅོལ་གྱི་ཁེ་ལས་ལས་ཞུགས་དང་ལས་གནས་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ཞིང་། ཁེ་ལས་ཀྱི་ལས་བརྟན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  ཁེ་ལས་དཀའ་ཁག་ཅན་དེ་ཐོག་མར་རོགས་སྐྱོར་བྱེད་ས་གཙོ་བོར་བཞག་པ་དང་། གནས་སྐབས་ཐོན་སྐྱེད་དང་ལས་གཉེར་ཐད་དཀའ་ཁག་ལ་འཕྲད་ཀྱང་བསྐྱར་གསོའི་རེ་བ་ལྡན་ཞིང་ལས་མི་ཉུང་འཕྲི་མི་བྱེད་པམ་ལས་མི་ཉུང་འཕྲི་རྒྱུན་འཁྱོངས་བྱེད་པའི་འགན་བཅོལ་དུ་ཞུགས་པའི་ཁེ་ལས་ལ་ལས་བརྟན་ཕྱིར་སྤྲོད་སྲིད་ཇུས་ཀྱི་རོགས་སྐྱོར་བྱས། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཚད་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་ཤོར་འགན་བཅོལ་ཁེ་སྐྱོར་ལས་བརྟན་གྱི་ལོ་རྒྱུས་ཀྱི་མཐོ་ཚད་གསར་བར་སླེབས་ལ། ཁེ་ལས་འགའ་ལ་མ་དངུལ་གྱི་རོགས་སྐྱོར་ཐོབ་ཚད་ཆེས་མང་ཤོས་ཀྱང་ཡིན།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཐེངས་འདི་ཁེ་ལས་དཀའ་ཁག་ཅན་43ཚུད་པའི་ཁེ་ལས་1151གིས་ཁེ་སྐྱོར་ལས་བརྟན་ཀྱི་མ་དངུལ་སྒོར་དུང་ཕྱུར་2.46སྤྱད་ཅིང་ལས་བཟོ་བ་ཁྲི་16.06ལ་རོགས་རམ་ཐོབ། སྔོན་རྩིས་བྱས་པ་ལྟར་ན་ད་ལོར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་1466གིས་ཁེ་སྐྱོར་ལས་བརྟན་གྱི་མ་དངུལ་སྒོར་དུང་ཕྱུར་4.1ལོངས་སྤྱོད་ཐུབ་ལ་ལས་བཟོ་བ་མི་ཁྲི་18.52ལ་རོགས་རམ་ཐོབ་ཐུབ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།