མཚོ་སྔོན་གྱི་ཁྲིམས་རྩོད་པའི་རིག་གནས་དུས་ཚིགས་ཀྱི་བྱེད་སྒོ་སྐབས་དང་པོ་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས26ཉིན་མཚོ་སྔོན་གྱི་ཁྲིམས་རྩོད་པའི་རིག་གནས་དུས་ཚིགས་ཀྱི་བྱེད་སྒོ་སྐབས་དང་པོ་ཟི་ལིང་དུ་སྤེལ་བ་དང་། དུས་ཡུན་ཟླ་གསུམ་གྱི་བྱེད་སྒོའི་ནང་འགྲན་རྩོད་དང་དཔྱད་བསྡུར་བྱས་པ་བརྒྱུད། སྤྱི་བསྡོམས་པས་ཁྲིམས་རྩོད་པའི་ལས་དོན་ཁང10ལྷག་ཙམ་ལ་ཚོགས་པའི་བྱ་དགའ་ཐོབ་པ་དང་ཁྲིམས་རྩོད་པ30ལྷག་ཙམ་ལ་མི་སྒེར་གྱི་བྱ་དགའ་ཐོབ་པ་རེད། 

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱིས་ཏང་གི་འགོ་ཁྲིད་རྨང་གཞིར་བྱེད་པ་དང་། རིག་གནས་འཛུགས་སྐྱོང་བླ་སྲོག་ཏུ་འཛིན་པ། སྤྱོད་གཙང་ཁྲིམས་སྲུང་དང་། ཡིད་རྟོན་ལས་གཉེར། གསར་གཏོད་འཕེལ་རྒྱས་བཅས་བརྗོད་དོན་ཡིན་པའི་ཁྲིམས་རྩོད་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་བྱས་ཏེ་ལས་རིགས་འཕེལ་རྒྱས་ལ་ཁྲིད་སྟོན་དང་། ལས་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ། ལས་རིགས་ཀྱི་གཟུགས་བརྙན་གཏོད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། ལོ40ཡི་རིང་རང་ཞིང་གི་ཁྲིམས་རྩོད་པའི་ལས་རིགས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བ། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པས་རྒྱལ་ཞེན་ཏང་ཞེན་ལ་སྤྲོ་སེམས་འཕེལ་བར་སྐུལ་སློང་བཅས་བྱ་ཆེད། ཟླ7པའི་ཟླ་དཀྱིལ་ནས་ཟླ10པའི་ཟླ་དཀྱིལ་བར་ཞིང་ཆེན་ཁྲིམས་འཛིན་མཐུན་ཚོགས་ཀྱིས་ཁྲིམས་རྩོད་པའི་ཡིག་རིས་པར་ལེན་འགྲེམས་སྟོན་དང་། ཁྲིམས་རྩོད་པའི་རྩོད་གླེང་འགྲན་བསྡུར། གཞོན་ནུ་ཁྲིམས་རྩོད་པའི་སྦྱོང་བརྡར་རྟེན་གཞི། ཁྲིམས་རྩོད་པའི་རིག་རྩལ་འཁྲབ་སྟོན་སོགས་ཀྱི་ནང་དོན་ཚུད་པའི་ཁྲིམས་རྩོད་པའི་རིག་གནས་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ཏེ། རིག་གནས་འཛུགས་སྐྱོང་དང་ལས་རིགས་འཕེལ་རྒྱས་ཟུང་འབྲེལ་ལ་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དང་ཁྲིམས་རྩོད་པའི་ལས་རིགས་སུ་ཚུར་སྣང་ཆེན་པོ་དང་ཕན་འབྲས་བཟང་པོ་ཐོན། ལྷག་པར་དུ་ཁྲིམས་རྩོད་པའི་རྩོད་གླེང་འགྲན་བསྡུར་ཁྲོད་སྔ་རྗེས་སུ་མི་ཁྲི20ལྷག་ཙམ་གྱིས་བཅའ་ཁྲིམས་ཤེས་བྱར་བལྟས་པ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ།  ཁྲིམས་རྩོད་པའི་དྲིལ་བསྒྲགས་འོས་སྦྱོར་བཅས་ཀྱི་བྱ་བར་ནུས་པ་ཐོན་ནས་བྱ་བའི་ཁྲོད་ཀྱི་གསར་གཏོད་ཀྱི་ཆ་དང་འབུར་ཐོན་གྱི་གནས་མངོན་པར་བྱས་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།