དགུ་གསུམ་སློབ་ཚོགས་ཀྲུང་དབྱང་མཚོ་སྔོན་དུ་ཡོང་ནས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས22ཉིན་ནས་ཚེས25ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་དེ་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པར་མ་ཟད།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ལ་ཐུག་འཕྲད་བྱས།

ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྐབས་སུ་དགུ་གསུམ་སློབ་ཚོགས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གིས་རྒྱ་བསྐྱེད་བཞུགས་མོལ་ཚོགས་འདུ་བསྡུས་ནས་སློབ་ཚོགས་ཀྲུང་དབྱང་དང་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། གཞི་རིམ་དུ་བསྐྱོད་དེ་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཀྲི་པུའི་རྩ་འཛུགས་ཀྱི“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་ལ་ཞུགས་པ་རེད། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ད་དུང་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷ་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་སྡེ་ཁག་གི་འགན་འཁུར་བ་དང་ཟུར་དུ་གླེང་མོལ་བྱས་པ་དང་། བསམ་འཆར་ཚུར་སྣང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་ཚུར་སྣང་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

ཧྲའོ་ཧུང་གིས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་ཚུན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏེ་ཀྲི་ཡི་སྣེ་ཁྲིད་འོག་སློབ་ཚོགས་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམ་པོར་དམིགས་ནས་འགན་འཁྲི་ནན་བསྒྲུབ་བྱས་ཏེ་ཧུར་ཐག་གིས་སྐབས་གོང་མའི་སློབ་ཚོགས་ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་དག་དོན་འཁྱོལ་བྱས་ནས་བྱ་བ་སོ་སོར་མངོན་གསལ་དོད་པོ་དང་དགའ་འོས་པའི་ཡར་རྒྱས་བྱུང་ཡོད། འགོ་ཁྲིད་ཚན་ཁག་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱ་འགུལ་ཏན་ཏིག་ངང་སྤེལ་དགོས། “ཤེས་ལྡན་མི་སྣ་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་ནན་ཏན་བྱས་ཏེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཚོགས་མིའི་ཐོབ་ཐང་ཁས་ལེན་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “གོང་འོག་མཉམ་འགུལ་དང་། གཡས་གཡོན་མཉམ་ལས”ཀྱི་རྒྱུན་ལས་ཨུ་ཡོན་གྱི་བརྗོད་གཞི་ལག་བསྟར་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་དང་གཞི་རིམ་རྩ་འཛུགས་ཁག་ཞུགས་པའི་གཙོ་གནད་ བརྟག་དཔྱད་ཞིབ་འཇུག་རྐྱེན་སྲོལ་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་སྲིད་གླེང་ཇུས་འདོན་གྱི་གྲུབ་འབྲས་ཁག་ཅིག་གྲུབ་ཡོད། སྟོབས་ཤུགས་གཅིག་སྒྲིལ་གྱིས“ཕན་ཚུན་མཉམ་ལས”མིང་རྟགས་ཅན་འཛུགས་སྐྲུན་བྱས་པས། ཁྱོན་ཡོངས་དང་གཅིག་སྡུད། ཡུན་རིང་གནས་གཏན་འཁེལ། སྤྱི་ཡོངས་མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་ཞབས་ཞུའི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད་ཟེར།

ཧྲའོ་ཧུང་གིས་དུས་བབ་གསར་པ་དང་རེ་བ་གསར་པའི་མདུན་དུ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་ཚད་གཞི་སྔར་ལས་མཐོན་པོ་བཙུགས་ནས་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བརྒྱག་པ་དང་བརྗོད་དོན་སློབ་གསོའི་བྱ་འགུལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་། རྩ་འཛུགས་འཕེལ་རྒྱས། གཞོན་ནུའི་བྱ་བ། སློབ་ཚོགས་ནང་ཁུལ་གྱི་ལྟ་སྐུལ་བྱ་བ་བཅས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཞུགས་སྲིད་གླེང་གི་བྱ་བར་ཤུགས་སྣོན་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་ལས་གཏིང་ཟབ་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཐབས་འདོན་ཇུས་འབུལ་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཚུར་སྣང་གོ་སྐབས་སུ་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དང་། གཞི་རིམ་རྩ་འཛུགས། ཚོགས་མི་བཅས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ནན་ཏན་གྱིས་གསེད་བཀྲོལ་དང་། ཞིབ་འཇུག  དོན་འཁྱོལ་བཅས་བྱས་ཏེ་འགན་འཁྲིའི་འདུ་ཤེས་དང་། འགན་སྒྲུབ་འདུ་ཤེས། དགོས་གཏུག་གི་འདུ་ཤེས་བཅས་སྔར་ལས་ཇེ་ཆེར་བཏང་ནས་བྱ་བ་ནན་ཏན་གྱིས་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་བྱེད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་དགུ་གསུམ་སློབ་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།