ཝུའུ་ཞིན་ཞུང་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་སྐུལ་མཛུབ་སྟོན་ཐད་ཀྱི་སྤྱི་སྡོམ་རྟོག་ཞིབ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་སྐུལ་ཚན་ཆུང་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞིན་ཞུང་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་ནག་སེལ་ངན་འཇོམས་ལྟ་སྐུལ་མཛུབ་སྟོན་ཐད་ཀྱི་སྤྱི་སྡོམ་རྟོག་ཞིབ་སྤེལ་ནས། ན་གོར་མོ་གྲོང་ཁྱེར་གྱི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། ན་གོར་མོ་གྲོང་ཁྱེར་གྱི་སྲིད་ཁྲིམས་ཉེན་རྟོག་པར་འཚམས་འདྲི་བྱས་ལ། ཚོང་བ་དང་མང་ཚོགས་ཀྱི་སྐོར་ཞིག་རྩ་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ནག་ངན་ཚོགས་པས་ཁྲིམས་འགལ་ཧམ་བཟུང་དང་ནགས་སར་གཏོར་བརླག་བཏང་བའི་གནས་ཚུལ་དང་། སྐྱེ་ཁམས་སླར་གསོ་དང་འབྲེལ་བའི་བྱ་བ་བཅས་ཐད་ནས་རྒྱུས་ལོན་གསལ་བོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་མཉམ་དུ་རྟོག་ཞིབ་བྱས།

ན་གོར་མོ་གྲོང་ཁྱེར་ནག་སེལ་ངན་འཇོམས་གཞུང་སྒྲུབ་ཁང་དུ། ཝུའུ་ཞིན་ཞུང་གིས་ན་གོར་མོ་གྲོང་ཁྱེར་གྱིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། ལས་གནས་སུ་ཡོད་པའི་སྲིད་ཁྲིམས་ཉེན་རྟོག་པར་འཚམས་འདྲི་བྱས། ཝུའུ་ཞིན་ཞུང་གིས་བསྟན་དོན། ཀྲུང་དབྱང་གིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་འོག མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རང་རྟོགས་སྒོས་ནག་སེལ་ངན་འཇོམས་དེ་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ལ ལྟ་སྐུལ་མཛུབ་སྟོན་ཐད་ཀྱི་བསམ་འཆར་དག་ཐེར་ལེགས་བཅོས་བཟང་བོ་བྱས་པས། གྲུབ་འབྲས་མངོན་གསལ་བླངས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ནག་སེལ་ངན་འཇོམས་འཐབ་རྩོད་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ཟེར། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པས་ནག་སེལ་ངན་འཇོམས་ཀྱི་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་སྲིད་ཁྲིམས་ཉེན་རྟོག་པར་བཀའ་དྲིན་དང་འཚམས་འདྲི་ཞུས། ཝུའུ་ཞིན་ཞུང་གིས་ནན་གྱིས་བསྟན་དོན། མིག་སྔར། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་དེ་ལ་འཛེག་མཁྲེགས་གཏོར་གྱི་དུས་རིམ་གསར་བར་སླེབས་པ་དང་། གནས་བབ་སྔར་ལས་རྙོག་འཛིང་ཆེ་ལ། ལས་འགན་སྔར་ལས་ལྕི་བས། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ནས་མཐའ་མའི་རྒྱལ་ཁ་ལེན་པའི་བཀོད་སྒྲིག་རེ་བ་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་གཏན་ཤུགས་སྲུང་འཛིན་བྱེད་པ། ཡིད་ཆེས་སྔར་ལས་བརྟན་པོ་དང་བྱེད་ཐབས་སྔར་ལས་ཤུགས་ཡོད། སྤྱོད་ཚུལ་སྔར་ལས་བཟང་བོར་བརྟེན་ནས་ཆེད་དོན་འཐབ་རྩོད་དེ་ཁ་ཕྱོགས་ཡང་དག་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།