ཁོང་ཡུང་གིས་རྐང་རྫ་རྫོང་གི་དབུལ་སྐྱོར་སྦྲེལ་གནས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སོང་ནས། ས་གནས་དེ་གའི་དབུལ་ཐར་མཁྲེགས་གཏོར་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་སྦྲེལ་གནས་རྟོག་ཞིབ་བྱས་ཏེ། ལས་བྱེད་མང་ཚོགས་ལ་འཚམས་འདྲི་དང་དཀའ་ངལ་ཆེ་བའི་གནད་དོན་ལ་རྒྱུས་ལོན་བྱས་པར་མ་ཟད། ཀུན་གྱི་བསམ་འཆར་ལ་ཉན་པ་ལས་གཞན། ཁུལ་དང་རྫོང་། ཞང་བཅས་ཀྱི་ལས་བྱེད་པ་དང་ལྷན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ལས་དོན་སྐོར་ནས་གྲོས་སྡུར་དང་བསམ་འཆར་བརྗེ་རེས་བྱས།

ཁོང་གིས་ནན་གྱིས་བསྟན་དོན། རྐང་ཚ་རྫོང་འདི་ཉིད་མཚོ་སྔོན་པོའི་བྱང་ངོགས་ཀྱི་རི་འདབས་སུ་གནས་པ་དང་། རིག་གནས་ཡུལ་སྐོར་སྐྱེ་ཁམས་ཐད་དུ་ལེགས་ཆ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མིག་སྔར་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། འཕེལ་རྒྱས་ཀྱི་ལས་འགན་ཕྲག་སྟེང་དུ་ནན་ཏན་གྱི་སྒོ་ནས་འཁུར་དགོས་ལ། དེ་མིན་ད་དུང་ཧེ་བག་འཚོལ་བ་དང་ཞན་ཆ་གསབ་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཡུལ་སྐོར་དང་རིག་གནས། བདེ་ཐང་ལུས་གསོ་སོགས་ཐད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་ལྗང་མདོག་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས། ནུས་ཁུངས་གཙང་མའི་ཐོན་ལས་བསྐྲུན་རྒྱུ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པའི་ཆུ་ཚད་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།