ཐིན་ཅཱ་ཚའེ་ཡིས་ཁྲོམ་རའི་ལྟ་སྐུལ་དོ་དམ་པུའུ་ཡི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་སྲིད་དོན་ཞབས་ཞུ་སྒྲུབ་གནས་དང་གཅིག་གཉིས་གསུམ་གཅིག་ལྔའི་ཞུ་གཏུག་ལྟེ་གནས། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་མའོ་ཅ་སྲང་ལམ་ལྟ་སྐུལ་སའོ་བཅས་སུ་སོང་ནས། ས་གནས་དེ་དག་གི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་མཐོང་ཆུང་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་བྱས།

ཐིན་ཅཱ་ཚའེ་ཡིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཁྲོད་ནས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་སྣང་ཆུང་བྱེད་ཀྱིན་པར་ཆེད་དོན་བཅོས་སྒྲིག་བྱས་པ་དེ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་བཏང་སྟེ་ཆེད་དོན་བཅོས་སྒྲིག་དམ་འཛིན་ཡག་པོ་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་ཐད་ཀའི་མཚོན་ཚུལ་ཞིག་ཏུ་བརྩིས་ནས། རང་འགུལ་ངང་རེའུ་མིག་དང་དམིགས་ཚད་ལ་གཞིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་དགོས། ཆེད་ལས་རང་བཞིན་གྱི་ཐོག་ནས་ རྩོམ་ཡིག་འབྲི་བ་དང་མང་ཚོགས་ཀྱི་སེམས་ཁུར་བྱེད་ཡུལ་ལ་དམ་པོར་དམིགས་པ། དུས་ལྟར་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ། གོང་འོག་མཉམ་འགུལ་བྱེད་དགོས།  ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གོང་དཔེ་འོག་སྟོན་གྱི་སྒོ་ནས་སྣེ་ཁྲིད་དང་གཞི་རིམ་ལས་དོན་ལ་་སྐུལ་འདེད་གཏོང་བ། མངོན་གསལ་དོད་པའི་གནད་དོན་ཅི་ཡོད་དུས་ལྟར་ཐག་གཅོད་བྱེད་པ་བཅས་ལ་འབད་དགོས། དེ་མིན་ད་དུང་སྒོ་འབྱེད་བཅོས་སྒྲིག་བྱེད་པ་དང་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་དུ་བསྐྱོད་དེ་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱེད་པ། བཅོས་སྒྲིག་གི་གྲུབ་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱེད་དགོས། སྒྲིག་སྒྲིག་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་འདོམས་དང་མཐུན་སྦྱོར། མཛུབ་ཁྲིད་སོགས་ཀྱི་སྒོ་ནས་སྤྱི་ཡོངས་ཀྱི་ལས་དོན་ཐ་སྣེ་ཁྲིད་དམ་འཛིན་ཡག་པོ་བྱེད་དགོས་ལ། དུས་ཐོག་ཏུ་ལྟ་སྐུལ་དང་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དམ་དུ་བཏང་ནས། ཕན་འབྲས་མིག་མཐོང་ལག་ཟིན་ཞིག་ཐོབ་པར་དམིགས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་ བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་ཆེ་རུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།