​ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་མཚོ་སྔོན་དུ་བརྟག་དཔྱད་བྱས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་མཚོ་སྔོན་དུ་བརྟག་དཔྱད་བྱས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་ལས་དོན་ཨུ་ཡོན་ཚའེ་ཧྥང་གོ་ཚོགས་འདུར་ཕེབས་པ་དང་གཏམ་བཤད་གནང་།

 ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་རང་ཞིང་གི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ལས་དོན་སྤེལ་ཚུལ་སྙན་ཞུ་སྤེལ་བ་དང་། གྲོང་ཁྱེར་དང་(ཁུལ)སོ་སོའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱིས་ཀྲུང་དབྱང་གི《ས་གནས་ཏང་གི་ལོ་རྒྱུས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་། 《“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་སློབ་སྦྱོང་དང་། 2020ལོའི་ཏང་གི་ལོ་རྒྱུས་དང་ལས་ཀའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྲོལ་ཡིག་འཆར་ཟིན་འགོད་པ་སོགས་བརྟག་དཔྱད་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་གཏམ་བཤད་བརྗེ་རེས་བྱས་པ་དང་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

 བློ་མཐུན་ཚའེ་ཧྥང་གོ་ཡིས་ཉེ་བའི་ལོ་ཤས་རིང་རང་ཞིང་གི་ཏང་གི་ལོ་རྒྱུས་དང་ལས་དོན་ལ་གདེང་འཇོག་ཆེན་པོ་གནང་བ་དང་། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་སྡེ་ཚན་གྱིས་ཞིང་ཆེན་ཏང་ཨུས་ཡང་དག་པའི་འགོ་ཁྲིད་འོག 《ས་གནས་ཀྱི་ཏང་གི་ལོ་རྒྱུས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་གནས་བབ་མངོན་གསལ་དོད་པོ་ཡོང་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་རྩོམ་འབྲི་བྱེད་པ། གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱེད་པ། དྲིལ་བསྒྲགས་སློབ་གསོ་དང་སྲིད་དོན་སྐྱོང་རོགས་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ལོ་རྒྱུས་དང་ལས་ཀའི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་ལས་དོན་སོ་སོར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་རིགས་གཞུང་འགྲེལ་བཤད་དྲིལ་བསྒྲགས་དང་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་དང་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན། 

བརྟག་དཔྱད་བྱེད་སྐབས། བརྟག་དཔྱད་ཚན་ཆུང་ཟི་ལིང་དང་མཚོ་ཤར། མཚོ་བྱང་སོགས་ལ་སོང་ནས་བརྟག་དཔྱད་མཛད།  །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།