མཚོ་སྔོན་གྱི་མི་སྤྱིའི་སྲིད་དོན་ཞབས་ཞུའི་རྣམ་གྲངས28ཚང་མ་དྲ་ཐོག་ནས་སྒྲུབ་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཁེ་ལས་དང་མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་ལས་དོན་སྒྲུབ་དཀའ་བ་དང་ལས་དོན་སྒྲུབ་འགོར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ཟླ་གསུམ་རིང་། ས་གནས་དེ་གའི་མི་སྤྱི་སྡེ་ཚན་གྱིས་སྲིད་དོན་ཞབས་ཞུའི་རྣམ་གྲངས་ཚང་མ་དྲ་ཐོག་ནས་སྒྲུབ་ཐུབ་པར་དམིགས་ནས་ལས་རིམ་ལེགས་སུ་བཏང་ཞིང་། མིག་སྔར། སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་གཏན་འཁེལ། སྲིད་འཛིན་དངུལ་སྤྲོད། སྤྱི་པའི་ཞབས་ཞུ་སོགས་རིགས་བཞིའི་སྲིད་དོན་ཞབས་ཞུའི་རྣམ་གྲངས28ཚང་མ་དྲ་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད་པ་རེད།

ཚང་མ་དྲ་ཐོག་ནས་སྒྲུབ་པ་དང་ཆབས་ཅིག མཚོ་སྔོན་མི་སྤྱི་ཁོངས་གཏོགས་ཀྱིས་ད་དུང་སྲིད་འཛིན་ཞིབ་བཤེར་མཆན་འགོད་དོན་ཚན་གྱི་གསལ་ཐོ་9དང་། སྤྱི་པའི་ཞབས་ཞུའི་རྣམ་གྲངས་ཀྱི་གསལ་ཐོ་དང་ཞབས་ཞུའི་ཕྱོགས་སྟོན་152ཀྱང་ཡོངས་བསྒྲགས་བྱས་ནས། ལས་སྒྲུབ་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་བ་རེད། “གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་སྲིད་དོན་ཡོངས་བསྒྲགས་གཞུང་དོན་ཁང་སོགས་འབྲེལ་ཡོད་སྡེ་ཚན་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག ཞིང་ཆེན་ཡོངས་ཀྱི་མི་སྤྱིའི་གྲངས་གཞི་མཛོད་བཙུགས་ནས། ལས་སྒྲུབ་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད”ཅེས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་སྲིད་ཇུས་ཁྲིམས་སྲོལ་དང་གཟེངས་བསྟོད་བྱ་དགའ་ཁྲུའི་ཁྲུའི་ཀྲང་གཞོན་པ་ཡན་ཀོང་མིང་གིས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།