མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་བསྲུངས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དྲིལ་བསྒྲགས་ཟླ་བའི་ཆེད་དོན་བྱེད་སྒོ་སྐབས28པ་ཉེ་ཆར་ཟི་ལིང་དུ་སྤེལ་བ་དང་། གཞུང་ཕྱོགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཏོད་པར་སྐུལ་འདེད་བཏང་བ་རེད།

མཚོ་བོད་ས་མཐོའི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གཙང་གསུམ་ཆུ་འགོ་གནས་ཡོད་པ་དང་། བྱང་ངོས་སུ“ཀྲུང་གོའི་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན”རི་བོ་མདོ་ལ་ཆགས་པ། བྱང་ཤར་དུ“ཀྲུང་གོའི་སྐམ་སའི་ཁུལ་གྱི་ཚྭ་མཚོ”མཚོ་སྔོན་པོ་ཆགས་པ། ནུབ་རྒྱུད་དུ“རི་བོ་ཁྲི་ཡི་རི་རབ”ཁུ་ནུ་རི་བོ་དང་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུ་ཁུ་ཤི་རི། ཀྲུང་གོའི“དགོས་འདོད་ཀུན་འབྱུང”ཚྭ་འདམ་གཤོང་ས་ཆགས་ཡོད།

མིག་སྔར་མཚོ་སྔོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་སྤྱི་གླིང་གཉིས(གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་རི་བོ་མདོ་ལའི་རྒྱལ་ཁབ་སྤྱི་གླིང)ཀྱི་སྒྲིག་སྲོལ་ཚོད་ལྟའི་འགན་འཁུར་ཞིང་ཆེན་ཐོག་མ་དེ་རེད། 2019ལོའི་ཟླ6པར། ཞིང་ཆེན་དེས་ཀྲུང་གོ་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གི་བྱེད་པོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་གཏོད་འགོ་བཙུགས་ཡོད།

མིག་སྔའི་བར། མཚོ་སྔོན་ཞིང་ཆེན་དུ་ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས22དང་ཀྲུང་གོའི་རྒྱལ་ཁབ་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས63ཡོད་པ་ལས།  འཛམ་གླིང་དུ་ཤིན་ཏུ་དཀོན་པའི་གསའ་དང་། གཙོད། དགོ་བ་སོགས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།