ཏུའུ་ལན་རྫོང་གིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།ཏུའུ་ལན་རྫོང་གིས《ཏུའུ་ལན་རྫོང་གི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་འགོད་པའི་རེའུ་མིག》ཅེས་པ་དངོས་སུ་བཏོན་ནས།  ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད་ཀྱི་དུས་རིམ5དང་གོ་རིམ25པོ་ཕྱོགས་ཡོངས་ནས་ཚང་ལ་མ་ནོར་བར་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་བཀོད་པ་དང་། བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་འགོད་པའི་ཚགས་ཡིག་གསར་དུ་བཙུགས་ནས། ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་།

“མི་གཅིག་ལ་ཚགས་ཡིག་གཅིག་དང་། དོན་གཅིག་ལ་ཟིན་ཐོ་གཅིག གོ་རིམ་གཅིག་ལ་ཞིབ་བཤེར་གཅིག”གི་བླང་བྱ་ལྟར། ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བའི་དུས་རིམ་རེ་རེ་དང་མཚམས་ཚིགས་རེ་རེའི་གནས་ཚུལ་མཐའ་དག་ཐོ་འགོད་ཞིབ་མོ་བྱས་ཡོད་པར་མ་ཟད། བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་འགོད་པ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པ་དངོས་སུ་ལག་བསྟར་བྱས། འབྲེལ་ཡོད་འགན་འཁྲི་པའི་བྱེ་བྲག་གི་འགན་འཁྲི་མ་ནོར་བར་གསལ་པོ་བྱས་པར་མ་ཟད།  ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད་དུ་ཇི་ལྟར་སྐྱེད་སྲིང་བྱེད་པའི་སློབ་གསོ་དང་རྟོག་ཞིབ་འཕེལ་རྒྱས། ཁ་ཏ་བསླབ་བྱ། ཞིབ་བཤེར་ཆོག་མཆན།  ཟིན་བྲིས་ཐོ་འགོད་ལ་སོགས་པའི་བྱ་བའི་ལས་འགན་ཐམས་ཅད་གནད་འགག་གི་ལྷུ་ཚིགས་རེ་རེའི་འགན་འཁུར་མཁན་རྣམས་ཀྱི་སྟེང་ལ་དངོས་འབེབས་དོན་འཁྱོལ་བྱས།  དུས་མཚུངས་སུ།  ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བ་དེའི་རིགས་འདྲ་མིན་སྣ་ཚོགས་ཀྱི་དེབ་བཟོས་རེའུ་མིག་དང་ཚད་ལྡན་གྱི་རྒྱུ་ཆ་ཐམས་ཅད་ལ་མཉམ་གཅིག་ཏུ་གོམ་མཚུངས་ཀྱིས་དབྱེ་གསེད་བྱེད་པ་དང་ཚགས་ཡིག་གསར་དུ་བཙུགས་ནས། ཏང་ཡོན་གྱི་ཚགས་ཡིག་རྒྱུ་ཆའི་མ་ལག་ཁ་ཚང་གི་བརྒྱུད་རིམ་ལྡན་པའི་རང་བཞིན་དང་ཆད་ལུས་ཅི་ཡང་མེད་པའི་ཆ་ཚང་རང་བཞིན་ཡོང་ཐུབ་པར་ཐབས་བརྒྱ་ཇུས་སྟོང་གིས་ཁག་ཐེག་ནན་མོ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།