ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་བྱ་བར་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་བྱ་བར་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་གྱི“ཕྱིར་མིག་ལྟ་བའི”གོ་སྐབས་དང་སྒོ་ཀུན་ནས་བསྟུན་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚོགས་ཆུང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་ནས། མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ནི་མཁྲེགས་གཏོར་གཡུལ་འགྱེད་ཆེན་པོ་ཞིག་ཡིན་པར་མ་ཟད། རྒྱུན་སྲིང་དམག་འཐབ་ཅིག་ཀྱང་ཡིན་པས་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་དང་དག་ཐེར་དོན་འཁྱོལ་བྱེད་པ། དཔུང་སྡེ་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཆེད་དོན་འཐབ་རྩོད་ཁྲོད་མངོན་པའི་གནད་དོན་ལ་དམིགས་ཏེ་ནག་སེལ་དང་། སྡིག་སེལ། ཟིང་འཁྲུག་བཅོས་སྐྱོང་བཅས་ཀྱི་ལས་དོན་ཁག་གཏིང་ཟབ་སྤེལ་དགོས། ལས་རིགས་སྡེ་ཁག་སོ་སོས་ཆེད་དོན་འཐབ་རྩོད་ཁྲིད་སྟོན་དུ་འཛིན་པ་དང་འགན་འཁྲི་ནན་དུ་གཏོང་བ། བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་གྱི་ཚན་རྩལ་བྱེད་ཐབས་ལ་བརྟེན་པ། མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གནད་དོན་གཙང་བཤེར་ནན་ཏན་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་མཉམ་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁུངས་སྣེ་ཞིབ་འཚོལ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཐད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་ནུས་ལྡན་ངང་འགོག་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ་རྒྱུ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་དུས་ཐོག་ཏུ་ཨ་ལན་སློག་པ་དང་། རྡུང་རྡེག་དང་བཅོས་སྐྱོང་། དོ་དམ། འཛུགས་སྐྲུན་བཅས་ཀྱི་ལས་རིམ་བརྒྱུད་དེ། ནག་འཇོམས་ངན་སེལ་གྱི་ལས་དོན་མཐའ་འཁྱོལ་བའི་ངང་སྤེལ་དགོས་ཟེར།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།