ཡུས་ཧྲུའུ་ཁུལ་གྱིས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “སྟབས་ལེགས་པ་ཞིག་ལ་ཏང་དང་སྲིད་གཞུང་གི་ཞིང་ཕན་དངུལ་བུན་ཡོད་པ་འགྲིག་བྱུང་། དེ་མིན་ཁ་བའི་གནོད་སྐྱོན་ལས་ཐར་དཀའ་བ་ཞིག་རེད། ” ཟླ10པའི་ཚེས9ཉིན་ཡུས་ཧྲུའུ་གྲོང་ཁྱེར་རག་ཤུལ་སྟོད་མ་ཤང་གི་འབྲོག་པ་རྒྱ་ནེ་ནས་དངུལ་བུན་ཕྱིར་སྤྲད་དེ། སླར་ཡང་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱས་པ་རེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཀྱིས་གཏན་འབེབས་བྱས་པའི་ཡིད་རྟོན་འཛུགས་སྐྱོང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་བྱ་དགའ་ཆད་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དེ་བཞིན་སྲིད་དོན་དང་། ཁྲིམས་འཛིན། སྤྱི་ཚོགས། གློག་རྡུལ་ཚོང་དོན་བཅས་ཁྱབ་ཁོངས་ཆེན་པོ་བཞིའི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་མ་ལག་ཚང་བའི་ལམ་ལུགས་རབ་དང་རིམ་པ་བཟོས་པ་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱིས་ནན་ཏན་གྱིས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་དང“མིག་མང”མཉམ་དུ་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

ཡུས་ཧྲུའུ་ཁུལ་གྱིས་བྱ་བའི་ཁྲོད་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞི་གཞིར་བཟུང་ནས་ཁུལ་རིམ་པ་དང་གྲོང་ཁྱེར་དང་རྫོང6གི་ཡིད་རྟོན་འཕྲིན་སྟེགས་དང་། དྲ་ཚིགས་འཛུགས་སྐྲུན་བྱེད་སྟངས་བེད་སྤྱད་དེ་ཞིང་ཆེན་གྱི་ཡིད་རྟོན་འཕྲིན་སྟེགས་ལྟེ་བར་བྱེད་པ་དང་ཡིད་རྟོན་ཡུས་ཧྲུའུ་དྲ་ཚིགས་སྒེའུ་ཁུང་དུ་བྱེད་པ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཡིད་རྟོན་འཕྲིན་སྟེགས་དྲ་ཚིགས་འགག་རྩར་བཟུང་སྟེ། གོང་འབྲེལ་རྒྱལ་ཁབ་དང་། འཕྲེད་འབྲེལ་སྡེ་ཁག འོག་འབྲེལ་ས་ཁུལ་བཅས་ཀྱི་ཞིང་ཆེན་ཡོངས་ཀྱི་ཡིད་རྟོན་འཕྲིན་སྟེགས་དྲ་ཚིགས“ཀུན་ཁྱབ་དྲ”ཡིས་སྤྱི་ཚོགས་ཡོངས་ལ་ཆ་འཕྲིན་ཁྱབ་སྤེལ་དང་། གཞི་གྲངས་བརྗེ་རེས། ཆ་འཕྲིན་མཉམ་སྤྱོད། ཡིད་རྟོན་སྤྱི་བསྒྲགས། ཡིད་རྟོན་འདྲི་རྩད། མཉམ་འབྲེལ་བྱ་དགའ་ཆད་གཅོད་སོགས“ས་ཚིགས་གཅིག་པའི”ཡིད་རྟོན་ཞབས་ཞུའི་ནུས་པ་མཁོ་འདོན་བྱས་པ་རེད། 

མིག་སྔའི་བར་ཡིད་རྟོན་འཕྲིན་སྟེགས་ཀྱི་དྲ་ཚིགས་འཛུགས་སྐྲུན་དང་། ཆ་འཕྲིན་ཟླ་སྒྲིལ་མཉམ་སྤྱོད། ཡིད་རྟོན་མཉམ་འབྲེལ་གྱི་བྱ་དགའ་ཆད་གཅོད་དང་ཡིད་རྟོན་རིམ་དབྱེ་རིགས་དབྱེའི་ལྟ་སྐུལ་དོ་དམ་སོགས་ཀྱི་གཙོ་གནད་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ནས། ཡིད་རྟོན་ཆ་འཕྲིན་སྣ་ཚོགས་“བསྡུ་སྒྲིག་ཟླ་སྒྲིལ”དང་ཡིད་རྟོན་ལྟ་སྐུལ་དོ་དམ་ཐད“ཡོངས་ཁྱབ་དང་ཆད་ལུས་མེད་པ”བྱས་ཡོད། ཡིད་རྟོན་མ་ལག་འཛུགས་སྐྱོང་ལས་དོན་གྱི་དཀར་ཆག་ཅན་དང་། གསལ་ཐོ་ཅན། ཚད་ལྡན་ཅན་བཅས་ཀྱི་དོ་དམ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཏེ་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་(ཕན་འབྲས)ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ལས་དོན་ཁག་ལ་དཔྱད་ཞིབ་དང་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ནས། སྲིད་གཞུང་གི་འགན་ནུས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།