བློ་མཐུན་ཆའོ་ཆིན་གྱིས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ལ་ཉར་དེབ་400ལྷག་ཞལ་འདེབས་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།“མཚོ་སྔོན་ཉིན་རེའི་ཚགས་པར་”གསར་འདོན་བྱས་ནས་ལོ་འཁོར་70འགོར་བའི་དུས་མཚམས་སུ། ཉིན་རེའི་ཚགས་པར་གྱི་ལས་བཟོ་བ་རྒན་པ་ཆའོ་ཆིན་གྱི་བུ་ལིའུ་ཏུང་ཆིང་གི་རང་གི་ཕའི་ཁ་ཆེམས་ལྟར། མ་ཡུམ་ཅེའེ་ཧྥིན་ལིན་གྱི་སྐུ་ཚབ་བྱས་ཏེ་མཚོ་སྔོན་ཉིན་རེའི་ཚགས་པར་ལ་ཉར་དེབ་400ལྷག་ཞལ་འདེབས་གནང་བ་རེད།

ཆའོ་ཆིན་ཕ་ཡུལ་ཧྲའན་ཞི་ཞིང་ཆེན་ཡིན་ལ། 1921ལོའི་ཟླ་7པར་སི་ཁྲོན་ཞིང་ཆེན་དུ་སྐྱེས་ཤིང་1937ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་དུས་མཚུངས་སུ་གསར་བརྗེའི་ལས་ཀར་ཡང་ཞུགས། 1949ལོའི་ཟླ་10བར་མཚོ་སྔོན་དུ་སླེབས་ཏེ་“མཚོ་སྔོན་ཉིན་རེའི་ཚགས་པར”་གྱི་གསར་འདོན་བྱ་བར་ཞུགས། སྔ་རྗེས་སུ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་དང་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། མཚོ་སྔོན་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་སོགས་ཀྱི་ལས་འགན་ཁུར་ཞིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་ལྔ་བའི་རྒྱུན་ལས་ཨུ་ཡོན་ཡིན། 1993ལོའི་ཟླ་12པར་ལས་འཁྱུར་ངལ་གསོ་བྱས་ཤིང་2001ལོའི་ཟླ་11པར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་སྐུ་གཤེགས། དུས་ཡུན་རིང་བོའི་གསར་བརྗེའི་འཚོ་བའི་ཁྲོད་དུ་ཁོང་ཉིད་ཏང་ལ་བློ་དཀར་ཞིང་མི་དམངས་ལ་བློ་དཀར་ལ། དོན་དངོས་ཀྱི་བྱ་སྤྱོད་ཀྱིས་གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་ཚེ་གང་བོར་འབད་འཐབ་བྱ་རྒྱུའི་ཕུགས་བསམ་བླ་མེད་དེ་ལག་ལེན་དུ་བཏབ་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བསྟན་དོན། ང་ཚོས་ངེས་པར་དུ་ཉར་དེབ་འདི་དག་བདག་གཉེར་ཡག་པོ་བྱེད་དགོས་ལ་བཀོལ་སྤྱོད་ཡག་པོ་བྱས་ནས་སྔོན་རབས་པའི་བསམ་བློ་རྒྱུད་འཛིན་བྱས་ནས་ཉར་དེབ་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།