གོར་མོ་གྲོང་ཁྱེར་གྱི་སྲིད་གྲོས་ལས་དོན།

ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།  ---2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོའི་ཁག་བཞི་པ་སྟེ་གོར་མོ་གྲོང་ཁྱེར་གྱི་སྲིད་གྲོས་ལས་དོན།

微信图片_20191105095815.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། [གསར་འགོད་པ། གསང་བདག་རྒྱལ། རིག་འཛིན་ཚེ་རིང་།] ཟླ10ཚེས24ཉིན། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་གསར་འགྱུར་སྨྱན་བྱད་སྣ་འཛོམས་བཅར་འདྲི་བྱ་འགུལ་གྱི་བཅར་འདྲི་ཚོགས་པ་གོར་མོ་གྲོང་ཁྱེར་གྱི་ལས་ཁུངས་འགར་སོང་ནས། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས། གསར་འགོད་པས་གོར་མོ་གྲོང་ཁྱེར་སྲིད་གྲོས་ནས་བཅར་འདྲི་བྱེད་སྐབས། སྲིད་གྲོས་ཀྱི་ཀྲུའུ་ཞི་ཀོན་ཅོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། གོར་མོ་གྲོང་ཁྱེར་ནི་མི་རིགས་མང་པོ་མཉམ་འདུས་ཀྱི་གྲོར་ཁྱེར་ཞིག་ཡིན་པས། བཅོས་བསྒྱུར་གཏིང་ཟབ་ཏུ་ཕྱིན་པ་དང་ལྷན་དུ་འགལ་བ་སྣ་ཚོགས་ཀྱང་རིམ་བཞིན་བྱུང་། གོར་མོ་གྲོང་ཁྱེར་གྱི་སྲིད་གྲོས་ཀྱིས་གནས་བབ་དེར་བསྟུན་ཏེ། གཅིག་ནས་སྲིད་གྲོས་ལས་ཁུངས་ཀྱི་ནུས་པ་ལེགས་པོ་འདོན་པར་ཤུགས་བསྣན་པ་དང་། གཉིས་ནས་སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་ཤུགས་བརྒྱབ་པ། གསུམ་ནས་ཨུ་ཡོན་གྱི་འཇོན་ནུས་དང་འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་ཆེར་གཏོང་བར་ཧུར་བརྩོན་བྱས་པ་ཡིན་ཞེས་བཤད།

WechatIMG395.jpeg

སྲིད་གྲོས་ཨུ་ཡོན་ཅང་ཙད་ལུང་གིས་བཤད་དོན། ཁོ་ནི2006ལོར་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པར་ཞུགས་པ་དང་། 2009ལོར་སྲིད་གྲོས་ཨུ་ཡོན་དུ་གྱུར། ཁོས་ལོ་རེར་གྲོས་གཞི་གསུམ་ཡས་མས་འདོན་བཞིན་ཡོད་པ་དང་། ད་ལྟའི་བར་དུ་གྲོས་གཞི་བཅུ་དྲུག་ལྷག་བཏོན་མྱོང་ཞིང་། གྲོས་གཞི་དག་ལ་མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་གདེང་འཇོག་མཐོན་པོ་གནང་བར་མ་ཟད། གོར་མོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་བྱུང་། མ་འོངས་པར་ཡང་རང་ཉིད་དམངས་འཛུགས་ཀྱི་ཁོངས་མི་ཞིག་དང་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ལས་གནས་ཀྱི་ལེགས་ཆ་ལེགས་པར་སྤྱད་དེ། གཞི་རིམ་གྱི་བྱ་བར་རྟོག་ཞིབ་བྱས་ནས་དམངས་ཀྱི་འདོད་བློ་ཡར་ཞུ་བྱེད་རྒྱུ་དང་། བློ་འདོན་ཇུས་འབུལ་བྱས་ནས་རྒྱལ་བདེ་དམངས་ཕན་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བློ་གྲོས་དང་སྟོབས་ཤུགས་སྔར་ལས་ཆེན་པོ་ཕུལ་ཏེ་རང་ཉིད་ཀྱི་ལེགས་སྐྱེས་གང་ལེགས་དབུལ་རྒྱུ་ཡིན་ཞེས་བཤད།

WechatIMG397.jpeg

གསར་འགོད་པས་ཚྭ་ཧར་གྲོང་རྡལ་ལས་དོན་ཨུ་ཡོན་ལྷན་ཁང་ནས་བཅར་འདྲི་བྱེད་སྐབས། ཧྲུའུ་ཅི་གཞོན་པའམ་ཚྭ་ཧར་གྲོང་རྡལ་སྲིད་གྲོས་ལས་དོན་མཐུད་འབྲེལ་ཚོ་ཆུང་གི་ཚོགས་གཙོ་ཡུས་ཡིང་གིས་བཤད་པ་ལྟར་ན། 2019ལོའི་ཟླ7ཚེས19ཉིན། ཚྭ་ཧར་སྲིད་གྲོས་ཨུ་ཡོན་མཐུད་འབྲེལ་ཁང་དབུ་བརྙེས་པ་དང་། དེ་ནི་ཚྭ་ཧར་ས་ཁུལ་གྱི་སྲིད་གྲོས་ལས་དོན་སྔར་བས་ལྷག་པར་གཞི་རིམ་དུ་ཕྱིན་པའི་བྱེད་ཐབས་ཆེན་ཞིག་ཡིན་པས། གོར་མོ་གྲོང་ཁྱེར་དང་ཚྭ་ཧར་སྲིད་གྲོས་ལས་དོན་མཐུད་འབྲེལ་ཚོ་ཆུང་། ས་ཁུལ་གྱི་ཁེ་ལས་སྲིད་གྲོས་ཨུ་ཡོན་གྱི་ལས་དོན་འབྲེལ་གཏུག་སྔར་ལས་ཀྱང་ཤུགས་ཇེ་ཆེ་དང་། ཨུ་ཡོན་གྱི་འགན་འཁྲིའི་བར་སྟོང་ཆེར་བསྐྱེད་སྟབས། སྲིད་གྲོས་ཀྱི་ལས་དོན་གཞི་རིམ་དུ་རིམ་བཞིན་རྒྱ་བསྐྱེད་དེ། “གོང་འོག་མཐུད་སྦྲེལ་དང་གཡས་གཡོན་མཐུན་སྦྱོར་”ཡོང་བའི་དུས་རབས་གསར་བའི་སྲིད་གྲོས་ལས་དོན་གྱི་གནས་སྟངས་གསར་བ་གྲུབ་པ་དང་། ས་གནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཞབས་ཞུ་སྔར་བས་ཀྱང་ལེགས་པོ་བྱུང་ཡོད།

WechatIMG389.jpeg

གསར་འགོད་པས་གོར་མོ་གྲོང་ཁྱེར་སློབ་འབྲིང་དང་པོ་ནས་བཅར་འདྲི་བྱེད་སྐབས། སློབ་གཙོའམ་མཚོ་ནུབ་ཁུལ་གྱི་ཨུ་ཡོན། གོར་མོ་གྲོང་ཁྱེར་གྱི་ཨུ་ཡོན། དམངས་གཙོ་ཚོགས་པའི་ཁོངས་མི་ཀྲང་ཀོན་ཅི་ཡིས་བཤད་དོན། ཁོས་གོར་མོའི་ཉེ་འགྲམ་གྱི་ཁྲིམས་འགལ་འཛུགས་སྐྲུན་གྱིས་ན་འདམ་ལ་གཏོར་བརླག་ཐེབས་པའི་སྐོར་གྱི་གྲོས་གཞི་བཏོན་ནས་ན་འདབ་ལ་སླར་ཡང་རང་བྱུང་གི་མཛེས་པ་བྱུང་དུ་བཅུག་པ་ཡིན་ལ། དེ་མིན་སློབ་གྲྭའི་གནས་ཚུལ་སྐོར་གྱི་གྲོས་གཞི་བཏོན་པས་སློབ་གྲྭའི་རྨང་གཞི་སྒྲིག་ཆས་ལ་ལེགས་བཅོས་གང་ལེགས་བྱུང་བ། དབུལ་སྐྱོར་གྲོས་གཞི་གང་མང་བཏོན་ནས་དབུལ་བོ་ངོ་མར་རོགས་སྐྱོར་དངོས་མ་ཐོབ་པ་སོགས་དམངས་ཕན་རྒྱལ་ཕན་གྱི་གྲོས་གཞི་རང་ནུས་ཅི་ལྕོགས་ཀྱིས་བཏོན་པ་ཡིན་ཞེས་བཤད།

WechatIMG393.jpeg

གསར་འགོད་པས་གོར་མོ་གྲོང་ཁྱེར་ཅཱན་ཆོའོ་སྨན་ཁང་ནས་བཅར་འདྲི་བྱེད་སྐབས། སྨན་ཁང་གི་ལི་ཧྲུ་ཀྲང་ངམ་ཡོན་ཀྲང་། མཚོ་ནུབ་ཁུལ་དང་གོར་མོ་གྲོང་ཁྱེར་གྱི་ཨུ་ཡོན། གོར་མོ་གྲོང་ཁྱེར་བཟོ་ཚོང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝེ་ཀྲིན་པིན་གྱིས་བཤད་དོན། མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་ནད་གསོ་དཀའ་བའི་ཐད་སྟབས་བདེ་བསྐྲུན་ཆེད། གཞི་རིམ་དུ་བསྐྱོད་ནས་རིན་མེད་ནད་བརྟག་དང་སྨན་སྟེར་བ་སོགས་ཀྱི་ཐབས་སྣ་ཚོགས་བརྒྱུད་དེ་འཕྲོད་བསྟེན་དབུལ་སྐྱོར་ཕྱོགས་ནས་བྱ་བ་གང་མང་བསྒྲུབས་པར་མ་ཟད། རང་ཉིད་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ལོ་རེ་ལ་འཕྲོད་བསྟེན་བཅོས་བསྒྱུར་དང་ནད་བརྟག་སྨན་བཅོས་དཀའ་བ། སྨན་བཅོས་འགན་སྲུང་སོགས་ཀྱི་ཐད་ནས་གྲོས་གཞི་མང་པོ་བཏོན་པར་སྲིད་གཞུང་གིས་མཐོང་ཆེན་མཛད་པ་དང་། མང་ཚོགས་ལའང་ཕན་པ་ཆེན་པོ་བྱུང་ཡོད་ཅེས་བཤད།

WechatIMG392.jpeg

གསར་འགོད་པས་གོར་མོ་གྲོང་ཁྱེར་ཁ་ལོ་བའི་སློབ་གྲྭ་ནས་བཅར་འདྲི་བྱེད་སྐབས། སློབ་གྲྭ་དེའི་སློབ་གཙོའམ་སྲིད་གྲོས་ཀྱི་ཨུ་ཡོན་ཉིག་ལེ་ཡིས་བཤད་དོན། ཁོས་སྲིད་གྲོས་ཨུ་ཡོན་གྱི་འགན་ལེགས་པར་ཁུར་ནས་གོར་མོ་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་བློ་འདོན་ཇུས་འབུལ་གང་ནུས་བྱས་པ་ཡིན་ཅེས་བཤད། །

WechatIMG391.jpeg

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།