ཐེན་ཅིན་ཁྲིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དང་ཝུའུ་ལན་རྫོང་དུ་སོང་ནས། ལྗང་མདོག་གཏེར་ཁུངས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་གཙོ་གནད་བྱ་བའི་ཐད་ནས་རྟོག་ཞིབ་སྤེལ།

ཏུའུ་ལན་རྫོང་ཅིན་ཧོས་གཏེར་ལས་ཚད་ཡོད་ཀུང་ཟི་རུ། ཐེན་ཅིན་ཁྲིན་གྱིས་གཏེར་ཁའི་སྔོག་འདོན་དང་སྐྱེལ་འདྲེན། བཀོད་གཏོང་། ཐོན་སྐྱེད་དང་ལས་བཟོ་བའི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས། མཚོ་སྔོན་ཞི་ཝང་གཏེར་ལས་སྔོག་འདོན་ཚད་ཡོད་ཀུང་ཟི་རུ། ཐེན་ཅིན་ཁྲིད་གྱིས་ཡུལ་དངོས་ནས་མཇུག་གཏེར་མཛོད་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གནས་ཚུལ་ཐད་ནས་ཞིབ་བཤེར་བྱས་པ་དང་། ཝུའུ་ལན་རྫོང་ཚྭ་ཁའི་ཚྭ་མཚོའི་བཙོག་ཆུ་ཐག་གཅོདབཟོ་གྲྭ་རུ། ཐེན་ཅིན་ཁྲིན་གྱིས་བཙོག་འདོན་ཚད་གཞི་དང་སྦུག་དྲ་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ལྗང་མདོག་གཏེར་རི་འཛུགས་སྐྲུན་ནི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་བྱེད་པ་དང་གཏེར་སའི་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཤུགས་ཡོད་བྱེད་ཐབས་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་མཐུད་ངང་སྤེལ་བ་དང་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་དགོས་ངེས་ཀྱི་རེ་བ་ཡང་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱེད་རྒྱུ་དེ་བྱེད་ཐབས་སུ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་དེ་ཞིབ་བཤེར་གསར་སྤེལ་དང་ལས་སྣོན། བཅོས་སྐྱོང་སླར་གསོའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། ལྗང་མདོག་གཏེར་ལས་འཕེལ་རྒྱས་སུ་གཏོང་བ། ཧུར་ཐག་གིས་ཐོན་ཁུངས་བེད་སྤྱོད་ལས་ཆོད་མཐོར་འདེགས་བཏང་སྟེ། ཐོན་ཁུངས་གསར་སྤེལ་གྱི་དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས། སྤྱི་ཚོགས་ཕན་འབྲས་ཀྱི་མཐུན་སྦྱོར་གཅིག་གྱུར་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།