ཝང་ཅན་ཅུན་གྱིས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དང་ཏུང་ཁྲོན་བཟོ་ལས་ར་བར་སོང་ནས། བཟོ་ལས་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “བརྟན་འཇགས་དྲུག”གི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཡིད་ཆེས་ཆེ་རུ་གཏོང་བ་དང་དམིགས་ཚད་ལ་དམ་པོར་དམིགས་པ། རང་ཞིང་གི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པཏགའགན་ལེན་བྱེད་པ་བཅས་བྱས་མཐཏ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་འགྲུབ་ཡོང་ཆེད་ལེགས་སྐྱེས་གྱ་ནོམ་པ་འབུལ་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། བཟོ་ལས་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་། བཟོ་ལས་ར་བ་ནི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་འདུ་ར་གཙོ་བ་ཡིན་པས།  བཟོ་ལས་བརྟན་པོ་ཡོད་ན་འཕེལ་རྒྱས་བརྟན་པོ་ཡོང་བ་དང་བཟོ་ལས་སྟོབས་ཆེ་ན་དཔལ་འབྱོར་སྟོབས་དང་ལྡན་པར་འགྱུར་ངེས། མིག་སྔའི་ཕྱི་རོལ་གྱི་སྤྱི་ཁོག་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་ལ་འགྲན་སློང་དང་དཀའ་ངལ་མང་པོ་འཕྲད་ཡོད། མིག་སྔའི་དཔལ་འབྱོར་གནས་སྟངས་ལ་དོན་དངོས་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་མྱུར་ཚད་དང་སྤུས་ཚད་ཐོག་ནས་རྣམ་པར་ལྟ་བ། འཕེལ་རྒྱས་ཀྱི་དུས་མཚམས་དང་ཆ་རྐྱེན་ཐོག་ནས་སྟོབས་ཤུགས་ལ་ལྟ་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཁྲོད་ནས་ངེས་ཤུགས་རྒྱུན་འཁྱོངས་དང་གནོན་ཤུགས་ཐེག་པ། བཟོད་ཤུགས་ཆེ་རུ་གཏོང་བ། འབད་བརྩོན་ལྡབ་འགྱུར་བཅས་བྱས་ཏེ། དཀའ་སྒྲུབ་དངོས་སྒྲུབ་ཀྱི་ཁྲོད་སྒུལ་ཤུགས་འཕེལ་བར་བྱེད་པ་དང་གསོན་ཤུགས་འཕེལ་བར་སྐུལ་བ། གནད་སྨིན་དོན་འཁྱོལ་ལ་ཤུགས་འདོན་བྱེད་པ། དངོས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱི་ཁེ་སྤོགས་སྒྲུབ་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཐོན་སྐྱེད་ཀྱི་མ་རྩ་མཐོ་རུ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། སྤུས་ཀ་གཅིག་མཚུངས་ཅན་གྱི་འགྲན་རྩོད་སྔོན་འགོག་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་གསར་གཏོད་དང་ཐོན་རྫས་གསར་གཏོད། བཟོ་རྩལ་གསར་གཏོད། དོ་དམ་གསར་གཏོད་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཚུལ་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་མགྱོགས་མྱུར་གྲུབ་པར་བྱས་ཏེ། བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་འབྱུང་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཚོང་འགུགས་དངུལ་འདྲེན་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་གིས་ཁ་ཕྱོགས་སྟོན་པ་དང་ཁེ་ལས་ཀྱིས་ཁྲོམ་ར་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་ཞབས་འདེགས་ཞུ་བ། སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱེད་པ། ཁེ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ། བཟོ་ལས་འཁོར་སྐྱོད་ཀྱི“བརྟན་པོ”ཡིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། སྤུས་ཚད་ཕན་འབྲས་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ཟེར།

ཝང་ཞའོ་དང་ཡུས་ཚུང་ལི། ཝང་ལིས་མེན་བཅས་རྟོག་ཞིབ་ལས་དོན་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།