ལིག་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་ནས། བསམ་བློ་ཆབ་སྲིད་གཞུང་ལུགས་ཀྱི་སློབ་ཁྲིད་ལ་ཟུར་ཉན་བྱས་ཏེ། མཐོ་རིམ་སློབ་གྲྭས་ཅིའི་ཕྱིར་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་སྤེལ་དགོས་པ་དང་ཇི་ལྟར་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱིི་སློབ་ཁྲིད་བཟང་བོར་སྤེལ་བ། མཐོ་རིམ་སློབ་གྲྭ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་སྤེལ་བའི་འགན་སྲུང་ནི་ཅི་ཡིན་པ་སོགས་ཀྱི་ཐད་ནས། མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་གཙོ་བོ་དང་། དགེ་རྒན་དང་སློབ་མའི་འཐུས་མི་དང་ལྷན་དུ་བཞུགས་མོལ་བྱས།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ནི་འབྱུང་འགྱུར་གྱི་ཤུགས་རྐྱེན་གཏིང་ཟབ་དང་འབྲེལ་བ་ཡོད་པས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སློབ་མར་ཁྲིད་སྟོན་བྱས་ནས། ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱིས་ངེས་པར་དུ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དོན་གནས་རྒྱག་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས། སློབ་ཁྲིད་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་སློབ་ཁྲིད་ལ་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལྡན་དགོས་པ་དང་། ངེས་པར་དུ་འགལ་བ་དང་གནད་དོན་སེལ་དགོས་ཤིང་། གོམ་གང་མདུན་སྤོས་ཀྱིས་སློབ་ཚན་མ་ལག་འཐུས་ཚང་དུ་གཏོང་བ་དང་དཔུང་ཁག་འཛུགས་སྐྱོང་དམ་འཛིན་བྱེད་པ། ཡང་དག་པའི་བསམ་བློས་མི་ལ་ཁྲིད་སྟོན་བྱེད་པ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མི་གསོ་སྐྱོང་བཅས་བྱས་ཏེ། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།