མཚོ་སྔོན་བོད་རིགས་ས་ཁུལ་གྱི“གསུམ་མེད་གྲོང་ཚོའི”འཕོ་འགྱུར།

ཞོགས་པ་སྔ་མོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གཡང་འཁྱིལ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཁུང་དབྱིའུ་ཡུང་དང་གྲོང་སྡོད་ལས་བྱེད་པ་དོན་གྲུབ་གྱིས་བྱ་སྤུའི་གྱོན་གོས་མཐུག་པོ་རེ་གྱོན་ནས། ཟླ9པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་བའི་ཟམ་པ་ཞིག་ལ་ལྟ་བར་ཕྱིན།

ཁུང་དབྱིའུ་ཡུང་ནི་རྒྱལ་ཁབ་གློག་དྲ་མ་འཇོག་རྨ་ཆུ་ཆུ་གློག་ཀུང་སིས(གཤམ་དུ“རྨ་ཆུ་ཀུང་སི”ཞེས་བསྡུ་རྒྱུ)2015ལོར་གཡང་འཁྱིལ་གྲོང་ཚོར་བཏང་བའི་དབུལ་སྐྱོར་གྱི“ཧྲུའུ་ཅི་དང་པོ”རེད།

མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་ལ་ཆུ་ཚོད་ལྔ་ཙམ་བསྡད་ཚེ། གཞི་ནས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་གཡང་འཁྱིལ་གྲོང་ཚོར་འབྱོར་གྱི་ཡོད། ས་བབ་མཐོ་ཚད་སྨི3500ཟིན་པ་དང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པའི་གྲོང་ཚོ་དེ་བོད་རིགས་ཀྱི་སྲོལ་རྒྱུན་འབྲོག་ལས་གྲོང་ཚོ་ཞིག་རེད། 2015ལོའི་གོང་གྲོང་ཚོ་དེ་ནི་གྲོང་གསེབ་མཉམ་ལས་ཁང་གི་མཉམ་སྡེབ་དཔལ་འབྱོར་དང་། ཀ་རྟེན་ཐོན་ལས། ཕྱུག་འགྱུར་ཐབས་ལམ་བཅས་མེད་པའི“གསུམ་མེད་གྲོང་ཚོ”ཞིག་ཡིན། ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར2780ལས་མེད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར1733ལས་མེད།

“2018ལོའི་ལོ་མཇུག་ཏུ་ཆུ་མིག་ནས་ཆུ་ཤོར་བར་བརྟེན། རི་སྟེང་དུ་སྡོད་མཁན་འབྲོག་པའི་རི་ལམ་འབའ་ཞིག་དེ་ཆུས་ཁྱེར་སོང་། ངས་སྙན་ཞུ་བྲིས་ཏེ་ཀུང་སིར་མ་དངུལ་བསློངས་པ་དང་ཨར་ལས་རུ་ཁག་དང་མཐུན་སྦྱོར་བྱས་ནས་ཆུས་ཁྱེར་བའི་ལམ་དེར་ཟམ་པ་སྟབས་བདེ་ཞིག་བསྐྲུན་པ་ཡིན”ཞེས་ཁུང་དབྱིའུ་ཡུང་གིས་བསྐྲུན་ཟིན་པའི་ཟམ་པ་གསར་འགོད་པར་བསྟན་ནས་འདི་ལྟར་བཤད།

འོད་རིས་སྐྱིད་ཁྱིམ་ནི་གྲོང་ཚོ་དེའི་ཡིག་ཚགས་དང་གཱ་བཟོས་པའི་རིམ་གཉིས་དུད་ཚང་དབུལ་པོ་ཡིན་པ་དང་། ཁྱིམ་ལ་རྩྭ་ཁ་དང་ནོར་ལུག་མེད་པས་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད། 2018ལོའི་ཟླ11པར་ཁུང་དབྱིའུ་ཡུང་གིས་ཁོ་མོ་དང་ཁོ་མོའི་པ་ཕར་གྲོང་ཚོ་དེའི་འབྲོག་ལས་མཉམ་ལས་ཁང་གི་ལུག400འཚོ་བའི་ལས་ཀ་སྤྲད་པ་དང་མི་རེར་ཟླ་རེར་གླ་ཆ་སྒོར2800ཡོད།

“ང་ཚོས་མཉམ་ལས་ཁང་གི་ཕྱུགས་འཚོས་པར་ལོར་ཡོང་འབབ་སྒོར་ཁྲི3ནས་ཁྲི4བར་འདུག་པས། ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་སོང”ཞེས་མཉམ་ལས་ཁང་གི་ལུག་གི་མགོ་གྲངས800ལྷག་ཙམ་ནས1300ལྷག་ཙམ་བར་འཕེལ་བ་མཐོང་སྐབས་འོད་རིས་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་འདི་ལྟར་བརྗོད།

བཀྲ་ཤིས་རྒྱལ་ནི་གྲོང་ཚོ་དེའི་ཡིག་ཚགས་དང་གཱ་བཟོས་པའི་རིམ་གསུམ་དུད་ཚང་དབུལ་པོ་རེད། རྒྱལ་ཁབ་ཀྱིས་དབུལ་སྐྱོར་སྲིད་ཇུས་ལ་སྐུལ་འདེད་བཏང་བ་དང་སྦྲགས། མི་རབས་ནས་མི་རབས་བར་རྩྭ་ཐང་དུ་འཚོ་བ་བསྐྱལ་བའི་ནང་མི་དྲུག་པོ་དེ་དག2017ལོའི་ལོ་མཇུག་ཏུ་ཆུ་དང་གློག་ཁྲིད་པའི་སྨི་ངོས་གྲུ་80ལྷག་ཙམ་གྱི་ཐོག་གཅིག་མའི་སྡོད་ཁང་དུ་སྤོས་པ་རེད།

གཡང་འཁྱིལ་གྲོང་ཚོར་བཀྲ་ཤིས་རྒྱལ་དང་འདྲ་བར་ཁང་པ་གསར་པར་སྤོས་པའི་དུད་ཚང་དབུལ་པོ67གྱི་མི234ཡོད། ཁོ་ཚོའི་རྩྭ་ཐང་གི་སྐྱས་སྤོས་འཚོ་བ་མཇུག་འགྲིལ་བར་བརྟེན་འཚོ་བའི་སྤུས་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད།

དུད་ཚང་དབུལ་པོའི་འབྲོག་པར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་པ་ཕུད། རྨ་ཆུ་ཀུང་སིས་ད་དུང་མ་དངུལ་སྒོར་ཁྲི114.5བཏང་ནས་གྲོང་ཚོ་དེར་མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་ནུས་རྒྱུའི་གློག་འདོན་དང་། དྲོད་འདོན། བཙོག་ཆུ་གཙང་གསིང་། རིག་ནུས་ཚོད་འཛིན་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་བྱེད་སྒོ་ཁང་དང་པོ་དེ་བསྐྲུན་ནས། མཚོ་སྔོན་བོད་རིགས་ས་ཁུལ་དུ་དཔེ་སྟོན་རང་བཞིན་གྱི་ཁང་པར་གྱུར་ཡོད་ལ། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་གྲོང་ཚོར་ཡང་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།