མཚོ་བྱང་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།  མཚོ་བྱང་ཁུལ་ནག་འཇོམས་ངན་སེལ་འཐབ་རྩོད་ཁྱབ་སྒྲོགས་སྣེ་ཁྲིད་རུ་ཁག་དང་ཕྱོགས་བསྡུས་བཅོས་སྐྱོང་རུ་ཁག ཆེད་དོན་འགུལ་སྐྱོད་རུ་ཁག གཞི་རུམ་རྩ་འཛུགས་འཛུགས་བསྐྲུན་རུ་ཁག་སོགས་ཀྱིས་སོ་སོར་རང་གི་བྱ་བའི་གནས་ཚུལ་དང་འབྲེལ་ནས་ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་བའི་གནས་ཚུལ་དང་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་སོགས་ཀྱི་ཐད་ནས་བརྡ་ཡིག་བཏང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ནུབ་མཚོ་གྲོང་ཁྱེར་ཚགས་པར་ཁང་། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་། མཚོ་ནུབ་རྒྱང་སྒྲོགས་བརྙན་འཕྲིན་ཁང་སོགས་སྒྲོག་སྤེལ་ཚོགས་འདུར་ཞུགས།

 ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕང་དང་ཏང་ཀྲུང་དབྱང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་སོགས་ཀྱི་བཀོད་སྒྲོག་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་བརྩིས་ཏེ་འདུ་ཤེས་བཞི་དང་ཡིད་རྟོན་བཞི།  སྲུང་སྐྱོབ་བྱེད་དགོས་པ་གཉིས་སོགས་འོས་འགན་གལ་ཆེན་དུ་བརྩིས་ཏེ་ལོ་གསུམ་གྱི་བྱ་བའི་དམིགས་འབེན་ལ་དམ་དུ་འབྲེལ་དེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཟེར། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འཛུབ་ཁྲིད་སྣེ་ཁྲིད་འོག་ཏུ་སེམས་ཞིབ་མོས་རྩ་འཛུགས་དང་གཅིག་བསྡུས་མཁྲེགས་གཏོར་སོགས་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།