ཝང་ཡུས་ཡན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས།   ཝང་ཡུས་ཡན་སྔ་གཞུག་ཏུ་མཚོ་ཤར་བཟོ་ལས་གླིང་ཁུལ་དང་ཕེན་ཨན་ཆུའུ་ཕེན་ཨན་གྲོང་རྡལ་ཏཱ་ལུའུ་སྡེ་བ་སོགས་སུ་སོང་ནས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།   ས་ཁུལ་སོ་སོས་ཐོན་ཁུངས་བཟང་ཤོས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ་སོགས་བྱ་བའི་བྱེད་ཐབས་ལ་ཁས་ལེན་བྱས།   ཁོ་མོས་བསྟན་དོན།   གཞི་རིམ་ཏང་རྩ་འཛུགས་ནི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་ཡུལ་གཙོ་བོ་ཡིན་པས།   བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན་ལ་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་།   གཏན་ཁེལ་བྱས་པའི་འགུལ་སྤྱོད་གཏིང་ཟབ་ཏུ་སྤེལ་ཏེ་ཤུགས་ཆེན་པོས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་དོན་དངོས་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་དགོས་པ་དང་།   མི་དམངས་ལ་ཞབས་འདེགས་ཞུ་བའི་འགུལ་སྤྱོད་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཉམས་ཞིབ་བྱེད་དགོས་ཟེར།

ཁོ་མོས་ནན་གྱིས་བསྟན་དོན།    སློབ་སྦྱོང་སློབ་གསོ་ཡིས་འགོ་གཙོའི་དགོངས་པར་སློབ་སྦྱོང་བྱེད་པ་དང་།  ཏང་གི་སྒྲིག་ཡིག་དང་ཏང་གི་ལམ་ལུགས་ལ་སློབ་སྦྱོང་བྱེད་པ།   ཏང་གི་རིག་གཞུང་ལ་སློབ་སྦྱོང་བྱེད་པ།   ཏང་གི་ལོ་རྒྱུས་སྲོལ་རྒྱུན་ལ་སློབ་སྦྱོང་བྱེད་པ་བརྒྱུད་དེ་ཏང་ཡོན་ལས་བྱེད་པ་རྣམས་ལ་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་རྒྱུས་ལོན་ཡག་དག་བྱེད་དུ་འཇུག་དགོས་པ་དང་།   དོན་དངོས་དང་མཐུན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ནང་སེམས་ཀྱི་ཟབ་ས་རུ་འཛུལ་བར་བྱེད་དགོས་ལ།   ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པར་སློབ་སྟོན་སྣེ་ཁྲིད་བྱེད་དགོས།   གནད་དོན་ལ་ལྟ་ཞིབ་བྱེད་སྐབས་ལོ་རེའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ།   སྡེ་བའི་ལས་དོན་དོ་དམ།   ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་རིམ་པ་རེ་རེ་བཞིན་གནད་དོན་རྩིས་ཁྲ་བཟོ་དགོས།   དག་ཐེར་ལེགས་བཅོས་བྱེད་སྐབས་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དག་ཐེར་ལེགས་བཅོས་དམ་འཛིན་བྱས་ནས་མང་ཚོགས་ཟབ་ཞུགས་བྱེད་དུ་འཇུག་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་བརྗོད་དོན་སློབ་གསོར་གྲུབ་འབྲས་ངོ་མ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།