མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་མ་བསྡུ་ཚད་རྒྱ་བསྐྱེད་དེ་དམག་ཁུངས་ནས་ཐོན་པའི་དམག་མི་སོགས་ཚོགས་སྤྱི་ལ་མཐོ་རིམ་ལས་རིགས་སློབ་གསོ་མྱང་བར་སྐུལ་ལྕག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམག་ཁུངས་ལས་ཐོན་པའི་དམག་མི་དང་ལས་ཤོར་མི་སྣ། གླ་རྒྱག་ཞིང་བ། བྱང་ཚད་མཐོ་བའི་ཞིང་འབྲོག་མང་ཚོགས་སོགས་ཀྱིས་མཐོ་རིམ་ལས་རིགས་སློབ་གསོ་མྱང་བར་རྒྱབ་སྐྱོར་དང་སྐུལ་ལྕག་གནང་ཆེད། རྒྱལ་ཁབ་དང་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གསོ་སློབ་མ་བསྡུ་ཚད་རྒྱ་བསྐྱེད་པའི་ཆེད་དོན་བྱ་བའི་ལས་བསྟར་ཇུས་གཞི་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཅུའུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་། ཞིང་ཆེན་དམག་ཁུངས་ནས་ཐོན་པའི་དམག་མིའི་ལས་དོན་ཐིང་། ཞིང་ཆེན་ལས་རྩལ་ཐིང་། ཞིང་ཆེན་དབུལ་སྐྱོར་ཅུའུ་བཅས་ལ་མཉམ་འབྲེལ་བྱས་ཏེ་མཉམ་འབྲེལ་བརྡ་སྦྱོར་སྤེལ།

ཐེངས་འདིའི་སློབ་བསྡུ་རྒྱ་སྐྱེད་དང་གསོ་སྦྱོང་ལ་འགན་འཁུར་བའི་སློབ་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གླིང་8ཡོད་པ་དེ་དག་ཡིན་ལ། སློབ་བསྡུའི་ཆེད་ལས་སྤྱི་ཚོགས་ལ་མཁོ་གལ་ཆེ་བ་དང་། གསོ་སྦྱོང་བྱེད་པར་འཚམས་པ། ལས་ཞུགས་བྱེད་སྟབས་བདེ་བ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། རྒན་གསོ་དང་ནད་སྐྱོང་། ཁྱིམ་སྲིད། གཡོས་སྦྱོར། གློག་རྡུལ་ཚོང་དོན། དངོས་ཟོག་སྐྱེལ་འདྲེན། དེང་རབས་ཞིང་ལས། ཚ་ལ། རླངས་འཁོར་ཞིག་གསོ་སོགས་ས་གནས་ཀྱི་ལས་ཞུགས་ཁྲོམ་རའི་དགོས་མཁོར་མཐུན་ཞིང་གོང་གསལ་སློབ་བསྡུའི་བྱ་བར་མཚམས་པའི་ཆེད་ལས་དག་གཙོར་བཟུང་ཡོད།

ཐེངས་འདིའི་སློབ་བསྡུའི་བྱ་བ་ཆེད་དུ་དམག་ཁུངས་ལས་ཐོན་པའི་དམག་མི་དང་ལས་ཤོར་མི་སྣ། གླ་རྒྱག་ཞིང་བ། བྱང་ཚད་མཐོ་བའི་ཞིང་འབྲོག་མང་ཚོགས། ཕྱིར་ཐོན་ལུས་རྩལ་པ་བཅས་ལ་དམིགས་པ་ཡིན་ལ། ཆ་རྐྱེན་དང་མཐུན་པའི་མི་སྣ་དག་རྒྱུགས་ལ་ཞུགས་མི་དགོས་པར་བསྡུ་བཞིན་ཡོད་ཅིང་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་གཅིག་གྱུར་སྒོས་འགྲོ་ལུགས་སྒྲུབ་རྒྱུ་ཡིན། མིང་ཐོ་འགོད་པ་དང་དྲ་ལམ་ནས་མི་སྒེར་གྱི་ཆ་འཕྲིན་སྐོང་འགོད་ཀྱི་དུས་ཡུན་ནི་2019ལོའི་ཟླ་11བའི་ཚེས་4ཉིན་ནས་ཟླ་11བའི་ཚེས་8ཉིན་བར་ཡིན་ལ། རྒྱུགས་ལེན་ཁུལ་གྱིས་རྒྱུགས་ཞུགས་པའི་ཆ་འཕྲིན་ལ་ཞིབ་བཤེར་བྱེད་པའི་དུས་ཡུན་ནི་ཟླ་11པའི་ཚེས་13ཉིན་བར་ཡིན།

མཐོ་རིམ་ལས་རིགས་ཀྱི་སློབ་བསྡུ་རྒྱ་སྐྱེད་པར་ཡིག་རྒྱུགས་མི་གཏོང་བར་བསྡུས་པའི་སློབ་མའི་སློབ་ཁོངས་དོ་དམ་དེ་གཅིག་གྱུར་གྱི་མཐོ་རྒྱུགས་ལ་ཞུགས་པ་དང་མཐོ་སློབ་རིགས་དབྱེའི་ཡིག་རྒྱུགས་ལ་ཞུགས་པའི་སློབ་མ་དང་གཅིག་མཚུངས་ཡིན། སློབ་སྦྱོང་སྐར་འབྲས་སློབ་མཐར་ཕྱིན་པའི་ཚད་ཐིག་ལ་ཟིན་པའི་སློབ་མ་དག་ལ་སློབ་གྲྭས་གློག་རྡུལ་སློབ་འབྲས་ཐོ་འགོད་བྱེད་ལ་སྤྱིར་བཏང་ཆེད་ཚན་མཐར་ཕྱིན་གྱི་དཔང་ཡིག་སྟེར་ཞིང་སྤྱིར་བཏང་མཐོ་སློབ་མཐར་ཕྱིན་པ་དང་འདྲ་མཉམ་གྱི་ཐོབ་ཐབ་ལོངས་སུ་སྤྱད་ཆོག

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།