མཚོ་ནུབ་ཁུལ་གྱི་ནག་སེལ་ངན་འཇོམ་འཐབ་རྩོད་ལག་བསྟར་བྱ་བར་ཕན་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནག་སེལ་ངན་འཇོམ་ཆེད་དོན་འཐབ་རྩོད་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར། ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་ནུབ་ཁུལ་གྱིས“ནག་ཡོད་ནག་སེལ་དང་། ངན་ཡོད་ངན་འཇོམ། རྙོག་ཡོད་རྙོག་བཅོས”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ནག་སེལ་ངན་འཇོམ་གྱི་སྟོབས་ཤུགས་ཆེན་པོའི་འགུལ་སྐྱོད་བསླངས་ནས། ནག་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པ་ཁག་གཅིག་མེད་པར་བཟོས་པ་དང་། བདེ་འཇགས་ལ་ཟང་ཟིང་སློང་མཁན་གྱི་སྣང་ཚུལ་ཁག་གཅིག་བཅོས་སྒྲིག་བྱས་པ་མ་ཟད། ནག་ཚོགས་སྟོབས་ཤུགས་འབོར་ཆེན་ཞིག་མེད་པར་བཟོས་ཏེ། ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་མཐོ་རུ་བཏང་། 

ཟླ10པའི་ཚེས21ཉིན་གྱི་བར་དུ་ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐབས་ལམ་མི་འདྲ་བའི་བྱེད་ཐབས་སྤྱད་ནས་གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་ཏུ་འཚོལ་སྙེག་དང་དབྱེ་ཞིབ། བརྡར་གཅོད། རིགས་འདྲ་བའི་བསྐྱར་ཟློས་ཀྱི་ཁུངས་སྣེ་ཟླ་སྒྲིལ་གཏོང་བའམ་ཐག་གཅོད་བྱས་པ་བརྒྱུད། གནད་དོན་ཁུངས་སྣེ69དོན་དངོས་ཐོག་ཐག་གཅོད་བྱས། དེའི་ནང་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལ་བརྒྱུད་སྤྲོད་བྱད་པའི་གྱོད་གཞི6དང་། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ཆེད་དོན་གཞུང་དོན་ཁང་ལ་བརྒྱུད་སྤྲོད་བྱས་པའི་གྲོས་གཞི7 ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྒྲིག་ཨུ་ལ་ཡིག་བསྐུར་ངོ་བཅར་བདག་སྤྲོད་དང་རིམ་པ་གཅིག་མཚུངས་ཀྱི་ནག་སེལ་གཞུང་དོན་ཁང་དང་དེ་བཞིན་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་གྲོས་གཞི56སྐྱེལ་སྤྲོད་བྱས། 

2019ལོའི་ཟླ10པའི་ཚེས20ཉིན་བར། ཁུལ་ཡོངས་ཀྱིས་ཁྱོན་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཉེས་གསོག་རྩ་འཛུགས1མེད་པར་བཟོས་པ་དང་། ངན་སྤྱོད་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པ3དང་། ངན་ཕྱོགས་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པ15མེད་པར་བཟོས་པ་མ་ཟད། ལྐོག་གཡོ་ངན་ཇུས་དང་། སྤྱི་ཚོགས་ཟིང་སློང་། ཁྲིམས་འགལ་ཟིང་བཟོ། ཤོ་རྒྱག་རྒྱན་འཇོག  ཚོགས་པས་འཁོན་འཛིང་། བསམ་བཞིན་གནོད་སྐྱེལ་སོགས་ཀྱི་ཉེས་དོན་གྱོད་གཞི256རྩད་ཆོད་དེ། ཁུངས་སྣེ་སྣ་ཚོགས440བདག་སྤྲོད་ཞིབ་དཔྱད་བྱས་པ་དང་། གྱོན་དོན411ལ་རྩིས་ལེན་བྱས་པས། རྩིས་ལེན་བྱེད་ཚད93.4%ཟིན་པ་དང་། ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།