“2019ལོར་སྦྲག་སྲིད་དངུལ་ཁང་དུ་བསྐྱོད་པའི”སྨྱན་སྦྱོར་ཡོངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་21ཉིན་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་གཙོ་གཉེར་བྱས་པ་དང་མི་དམངས་དྲ་བ་མཚོ་སྔོན་འཕྲིན་ལམ་གྱིས་གཉེར་འགན་འཁུར་བའི“མཚར་སྡུག་གི་ལོ་ངོ70། དུས་རབས་གསར་པར་མཉམ་འདྲེས་བྱེད་པ”—2019ལོར་སྦྲག་སྲིད་གསོག་འཇོག་དངུལ་ཁང་དུ་བསྐྱོད་པའི་སྨྱན་སྦྱོར་ཡོངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཟི་ལིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་བྱས་ནས་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ལས་བྱེད་པས་གཞི་རིམ་དུ་གཞི་ཚུགས་ནས་བྱས་རྗེས་བླ་མེད་བཞག་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ་དེ་རེད། མིག་སྔར་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“རང་གཉེར་ལས་ཚབ་བྱེད་པའི”འཕེལ་རྒྱས་གཏོང་སྟངས་ལག་ལེན་བསྟར་ནས་ཧེ་བག་ཅན་གྱི་འགྲན་རྩོད་ལེགས་ཆ་སྐྱེད་སྲིང་ཧུར་ཐག་བྱས་ཏེ“ཞིང་གསུམ་འབྲོག་གསུམ”ལ་ཞབས་འདེགས་ཞུ་བ་དང་། ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བ། སྡེ་ཁུལ་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྱད་ལྡན་ལམ་བུ་ཞིག་བཏོད་ཡོད་པ་རེད།

ད་ཐེངས་ཀྱི་སྨྱན་སྦྱོར་ཡོངས་ཀྱི་དངུལ་ཁང་གི་བཅར་འདྲི་བྱེད་སྒོ་ནི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་ས་གནས་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་རམ་བྱས་པའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་རེད། མཚོ་སྔོན་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བ། ཞིན་ཧྭ་དྲ་བ། འོད་ཟེར་དྲ་བ། ཀྲུང་གོ་གསར་འགྱུར་དྲ་བ། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་གསར་བ། ཞིན་ལང་དྲ་བ་སོགས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་མཚོ་སྔོན་གྱི་གསར་འགྱུར་སྨྱན་བྱད་ལས་ཁུངས་བཅས་ཀྱིས་གྲུབ་པའི་བཅར་འདྲི་ཚོགས་པ་ཟི་ལིང་དང་མཚོ་ཤར། མགོ་ལོག་སོགས་ས་ཁུལ་དུ་སོང་སྟེ། གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་དང་དབུལ་ཐར་འགག་སྒྲོལ་ལ་རོགས་འདེགས་། ཉེན་སེལ་ཉེན་འགོག་ལེགས་བཅོས། དངུལ་རྩའི་ཕན་འབྲས་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག་ལེགས་བཅོས། སྤུས་ལེགས་ཞབས་ཞུ་མཁོ་འདོན་སོགས་ཀྱི་ཐད་ནས་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་གཞི་རིམ་ལས་བྱེད་མི་སྣས་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་སྒྲུབ་པའི་གཏམ་རྒྱུད་བརྗོད་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་སྦྲག་སྲིད་དངུལ་ཁང་གིས་དུས་རབས་གསར་བའི་ནང་ཐོག་མའི་བསམ་འདུན་མི་བརྗེད་པར་མདུན་དུ་བསྐྱོད་པའི་ཉམས་འགྱུར་མངོན་པར་མཚོན་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།