《གཞོན་ནུ་ལོ་ཆུང་གི་ཡིད་རྟོན་སློབ་གསོའི་ཀློག་དེབ》འགྲེམ་སྤེལ་མཛད་སྒོ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་18ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ《གཞོན་ནུ་ལོ་ཆུང་གི་ཡིད་རྟོན་སློབ་གསོའི་ཀློག་དེབ》འགྲེམ་སྤེལ་མཛད་སྒོ་འཚོགས་པ་དེའི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་ཡིད་རྟོན་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་མཚོན་ཡོད།

《གཞོན་ནུ་ལོ་ཆུང་གི་ཡིད་རྟོན་སློབ་གསོའི་ཀློག་དེབ》དེ་ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་གིས་མི་སྣ་སྒྲིག་འཛུགས་བྱས་ནས《གཞོན་ནུ་ལོ་ཆུང་གི་ཡིད་རྟོན་སློབ་གསོའི་ཀློག་དེབ》(སློབ་ཆུང་པར་གཞི་དང་དམའ་འབྲིང་པར་གཞི)དང་《གཞོན་ནུ་ལོ་ཆུང་གི་ཡིད་རྟོན་སློབ་གསོ་དང་དངུལ་རྩའི་སློབ་གསོའི་ཀློག་དེབ》(མཐོ་འབྲིང་པར་གཞི)་གཉིས་སུ་དབྱེ་ཡོད་པ་དང་། ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་པར་སྐྲུན་བྱས་པ་རེད། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གིས“ཡིད་རྟོན་སློབ་སྦྱོང་དང་། ཡིད་རྟོན་ཤེས་རྟོགས། ཡིད་རྟོན་བཀོལ་ཤེས”ཀྱི་འདུ་ཤེས་འཛུགས་རྒྱུ་དེ་ཡིན།

ཉེ་བའི་ལོ་ཤས་རིང་། རིམ་པ་ཁག་གི་སློབ་གསོའི་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱི་སྐུལ་འདེད་ཤུགས་ཆེན་འོག་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་ཡིད་རྟོན་རིག་གནས་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཡིད་རྟོན་རིག་གནས་སློབ་གསོའི་སྤུས་རྟགས་བཏོད་དེ་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།