ཏུའུ་ལན་རྫོང་སྲིད་གྲོས་ཀྱི་གཡར་དུ་ཟ་བའི་གྲུབ་འབྲས།

ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།---2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོའི་ཁག་གཉིས་པ་སྟེ་ཏུའུ་ལན་རྫོང་སྲིད་གྲོས་ཀྱི་གཡར་དུ་ཟ་བའི་གྲུབ་འབྲས།

微信图片_20191105095815.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། [གསར་འགོད་པ། གསང་བདག་རྒྱལ། རིག་འཛིན་ཚེ་རིང་།] ཟླ10པའི་ཚེས22ཉིན། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོའི་བཅར་འདྲི་ཚོགས་པ་ཏུའུ་ལན་རྫོང་དུ་འབྱོར་ཏེ་སྲིད་གྲོས་ལས་དོན་ལ་བཅར་འདྲི་བྱས།

WechatIMG25.jpeg

འབྲེལ་ཡོད་འགོ་ཁྲིད་ཀྱིས་ཏུའུ་ལན་རྫོང་སྲིད་གྲོས་ལས་དོན་མཚམས་སྦྱོར་བྱེད་བཞིན་པའི་ཚུལ།

འབྲེལ་ཡོད་འགོ་ཁྲིད་པས་མཚམས་སྦྱོར་ལྟར་ན། ཏུའུ་ལན་རྫོང་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དྲིལ་སྒྲོག་དང་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཤུགས་བསྣན་ཏེ། དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལེགས་བཅོས་དང་ཤུགས་སྣོན་སྐོར་གྱི་དགོངས་དོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་མཚམས་གསར་བ་དང་འགན་འཁྲི་གསར་བ་ཡིད་ལ་དམ་པོར་བཅངས་ནས། ཀྲུང་གུང་ཏུའུ་ལན་རྫོང་ཨུའི་ཡང་དག་པའི་འགོ་ཁྲིད་འོག བཅོས་བསྒྱུར་བསམ་གཞིགས་དང་གསར་གཏོད་འདུ་ཤེས། དོན་དངོས་གཉེར་བ་བཅས་ལ་བརྟེན་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་གྲོས་མོལ་བཅས་འགན་ནུས་གཟབ་ནན་སྒོས་ལག་ལེན་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་སོ་སོར་གྲུབ་འབྲས་གསར་བ་ལེན་པ། རྫོང་ཡོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་ལྷིང་བཅས་ཕྱོགས་མང་ནས་ནུས་པ་ཐོན་པར་འབད་བརྩོན་ལྷོད་མེད་བྱས་པ་རེད།

WechatIMG51.jpeg

ཏུའུ་ལན་རྫོང་སྲིད་གྲོས་གཞུང་ལས་ཁང་གི་ཀྲུའུ་རིན་ཆའོ་མགོན་པོས་རིག་གནས་ལོ་རྒྱུས་ཡིག་ཆ་འཚོལ་སྒྲིག་སྐོར་ངོ་སྤྲོད་བཞིན་པའི་ཚུལ།

རིག་གནས་ལོ་རྒྱུས་ཡིག་ཆ་འཚོལ་སྒྲིག་ཕྱོགས་ནས། ཏུའུ་ལན་རྫོང་སྲིད་གྲོས་གཞུང་ལས་ཁང་གི་ཀྲུའུ་རིན་ཆའོ་མགོན་པོས་གསར་འགོད་པར་བཤད་རྒྱུར། ཏུའུ་ལན་རྫོང་སྲིད་གྲོས་ཀྱིས“ལོ་རྒྱུས་ཉར་ཚགས་དང་སྲིད་སྐྱོང་ཐབས་ཇུས། མཐུན་སྒྲིལ་དམ་ཟབ། མི་སྣ་གསོ་སྐྱོང”གི་ནུས་པ་འདོན་སྤེལ་ལ་དམིགས་ཏེ། 《ཏུའུ་ལན་རྫོང་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོ》དང་། 《ཏུའུ་ལན་རྫོང་སྲིད་གྲོས་ཀྱི་ལོ་རྒྱུས།(2011-2016)》 《ཏུའུ་ལན་གྱི་རིག་གནས་ལོ་རྒྱུས》(དེབ་གཉིས)བཅས་པར་སྐྲུན་བྱས་པ་དང་།  《ཏུའུ་ལན་གྱི་སོག་པོའི་ལོ་ངོ་བརྒྱའི་ཟིན་ཐོ》དང《ཏུའུ་ལན་རྫོང་སོག་པོའི་མི་སྣའི་ལོ་རྒྱུས》གཉིས་རྩོམ་སྒྲིག་བྱས་པར་མ་ཟད། 《མཚོ་སྔོན་སོག་སྐད་ས་མིང་རྒྱ་སོག་ཤན་སྦྱར་མིང་མཛོད》ཏུའུ་ལན་སྐོར་ལེགས་པར་གྲུབ་པས། རིགས་སོ་སོས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ། འཆམ་མཐུན་བཅས་སྔར་བས་ལྷག་པར་གོང་བུ་གཅིག་ཏུ་འགྲིལ་ནས་ལག་པ་ཕྱི་ནང་ཤ་དང་མཛུབ་གུ་ལྔ་པོ་སྤུན་ལྟ་བུར་གྱུར་ཡོད། གཞན་ཡང《ཏུའུ་ལན་ཚགས་པར》དང་། 《མཐོ་སྒང་གི་ས་ཚིགས་ངོ་མཚར་བའི་ཏུའུ་ལན།》 《ཏུའུ་ལན་སྲིད་གྲོས་ཀྱི་གསར་འགྱུར》སོགས་དྲིལ་སྒྲོག་རྟེན་གཞིར་བཟུང་ནས། ཏུའུ་ལན་སྲིད་གྲོས་ཀྱི་རྣམ་པ་གསར་བ་དང་། སྲིད་ཞུགས་གྲོས་མོལ་གྱི་གྲུབ་འབྲས་གསར་བ། ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་ཉམས་འགྱུར་གསར་བ་བཅས་ཕྱི་ཕྱོགས་སུ་མཚམས་སྦྱོར་བྱས། 

WechatIMG57.jpeg

WechatIMG58.jpeg

WechatIMG56.jpeg

WechatIMG54.jpeg

WechatIMG53.jpeg

WechatIMG52.jpeg

དམངས་ཕན་ལས་དོན་ཕྱོགས་ནས། ཏུའུ་ལན་རྫོང་ཚ་སུའུ་གྲོང་རྡལ་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དུང་རོང་ཧོས“རང་ཉིད་སྡེ་ཁུལ་གྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། སྲིད་ཞུགས་གྲོས་མོལ་དང་འགན་སྒྲུབ་ལས་རིམ་བཅས་ལ་བརྟེན་ནས་སྲིད་གྲོས་ལས་དོན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། སྲིད་གྲོས་ཀྱི་ཤེས་བྱ་སློབ་པར་བརྟེན་ནས་རང་ཉིད་ཀྱི་བསམ་བློ་འདུ་ཤེས་ཇེ་མཐོར་སོང་བ་དང་ཆབས་ཅིག་ཏུ་རང་ཉིད་ལའང་སྦྱོང་བརྡར་མི་དམན་པ་ཞིག་ཐོབ་པས། ལས་ཀ་དངོས་ནང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་གཞིར་བཟུང་ནས་སྲིད་གྲོས་ཀྱི་ལས་ཀ་དང་སྡེ་ཁུལ་གྱི་ལས་དོན་ཕན་ཚུན་ཟུང་འབྲེལ་དམ་པོ་བྱ་རྒྱུ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་སྲིད་གྲོས་ཨུ་ཡོན་གྱི་འགན་ནན་ཏན་སྒོས་འཁུར་བ་དང་བསྒྲུབ་པ། གྲོང་མི་དུད་ཚང་གིས་འཚོ་བའི་ཁྲོད་ཀྱི་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། སྲིད་གྲོས་དང་སྤྱི་ཚོགས་ཀྱི་གནས་ཚུལ། མི་དམངས་ཀྱི་བསམ་འདུན་བཅས་དུས་ཐོག་ཏུ་ཡར་ཞུ་བྱེད་པ་དང་། སྡེ་ཁུལ་གྱི་གྲོང་མིའི་འཐུས་ཚབ་པ་དང་གཏམ་བཤད་པ་བཟང་པོ་ཞིག་ཏུ་འགྱུར་བར་འབད་པ་བྱ་རྒྱུ་ཡིན”ཞེས་བཤད།

WechatIMG86.jpeg

གསར་འགོད་པས་ཏུའུ་ལན་རྫོང་ཚ་སུའུ་གྲོང་རྡལ་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དུང་རོང་ཧོ་ལ་བཅར་འདྲི་བྱེད་བཞིན་པའི་ཚུལ།

WechatIMG16.jpeg

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།