རྣམ་པ་གསར་བའི་གཙོ་རྒྱུགས་སྨྱན་བྱད་བསྐྲུན་པ་དང་མཚོ་སྔོན་ཉིན་རེའི་ཚགས་པར་བཏོན་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཚོགས་ཆེན་ཟི་ལིང་ནས་བསྡུས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10་བའི་ཚེས་21ཉིན། རྣམ་པ་གསར་བའི་གཙོ་རྒྱུགས་སྨྱན་བྱད་འཛུགས་སྐྲུན་དང་མཚོ་སྔོན་ཉིན་རེའི་ཚགས་པར་བཏོན་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཞི་མེན་དང་ཡུས་ཚུང་ལི། ཀོ་ཧྭ། ཀྲང་ལིས། ཝང་ཞའོ་ཡུང་བཅས་ཚོགས་འདུར་ཞུགས།

2.jpg

6.jpg

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དངམས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་ཉིན་རེའི་ཚགས་པར་བསྒྲུབས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད། ཚགས་པར་ཁང་གསར་དུ་བཏོན་པ་དང་ཚགས་པར་ཁང་གི་འཕེལ་རྒྱས། ཡར་ཐོན་བཅས་ཀྱི་ཐད་ལ་བྱས་རྗེས་འབུར་ཐོན་བཞག་མྱོང་བའི་ལས་བྱེད་པ་གསར་རྙིང་ཚང་མར་གུས་འདུད་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱི་ཚགས་པར་ཞིག་ཡིན་ལ། ཚགས་པར་གསར་དུ་བཏོན་པ་ནས་བཟུང་དེས་ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་གི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེངས་ནས། ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱས་པ་དང་ཏང་གི་འདོད་ཕྱོགས་སྒྲོག་འགྲེལ་བྱས་ཏེ། མི་དམངས་ཀྱི་རླབས་ཆེ་བའི་ལག་ལེན་དང་བསམ་པའི་རྣམ་པ་ཚུར་སྣང་བྱས་པ་ལས་གཞན། མཚོ་སྔོན་ལོ་རྒྱུས་ཀྱི་མཚོན་པའི་བརྩམས་ཆོས་འབད་པས་འབྲི་བའི་གོ་རིམ་ཁྲོད་དུ། དབྱངས་རྟ་གཙོ་བོ་སྐད་གསེང་མཐོན་པོས་གྱེར་བ་དང་དྲང་ཕྱོགས་ཀྱི་ནུས་ཚད་ཁྱབ་བསྒྲགས་བྱས་ནས། མཚོ་སྔོན་བཅོས་སྒྱུར་དང་འཛུགས་སྐྲུན། འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། མཚོ་སྔོན་ཉིན་རེའི་ཚགས་པར་ཀྲུང་གོ་གསར་བའི་ཉི་གཞོན་གྱི་ཀློང་ནས་བཏོན་པ་དང་། ཏང་གི་ཐུགས་དགོངས་འོག་ནས་འཚར་ལོངས་བྱུང་བར་མ་ཟད། བདེན་སྲུང་གསར་གཏོད་ཀྱི་ཁྲོད་ནས་འཕེལ་རྒྱས་བྱུང་ནས། རང་སྟོབས་ཆེན་པོས་མཚོ་སྔོན་གསར་པར་སྐྱོད་སྐབས“དུས་རབས་ཀྱི་དྲུང་ཡིག”གི་ཐོབ་ཐང་ཐོག་ནས་མཚོ་སྔོན་གྱི་གསར་བརྗེ་འཛུགས་སྐྲུན་བཅོས་སྒྱུར་ཀྱི་ཆེས་བརྗེད་པར་དཀའ་བའི་ཁ་སང་དང་གསར་འབྱེད་ཡར་བརྩོན་གྱི་དེང་གི་དུས་འདིའི་དཔང་པོ་བྱས་པ་དང་དེའི་ནང་དོན་ཡོད་རྒུ་ཟིན་ཐོར་བཀོད་དེ། ཕྱི་རབས་པར་མཚོ་སྔོན་གྱི་མ་འོངས་པའི་ལོ་རྒྱུས་རྩོམ་པར་བསམ་པའི་རྒྱུ་ནོམ་རིན་ཐང་བྲལ་བ་ཞིག་ཉར་ཡོད་ཟེར།

3.jpg

4.jpg

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་དུས་དེབ་གསར་དུ་བཏོན་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྐང་ཤུགས་དང་མིག་ཤུགས། ཀླད་ཤུགས། སྨྱུག་རྩལ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལེའུ་ཡག་པོ་རྩོམ་དགོས། ཏང་གཤིས་རྩ་དོན་མཐའ་འཁྱོངས་དང་ཏང་གི་ཚགས་པར་ཀྱི་རུས་མིང་བློ་ལ་བརྟན་པོར་ངེས་པར་བྱེད་པ།  ལངས་ཕྱོགས་གསལ་བའི་སྒོ་ནས་ཆབ་སྲིད་ལ་གཙིགས་ཆེན་བྱ་རྒྱུ་ཨང་དང་པོར་འཇོག་པ། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་མཁས་ཅན་གྱིས་ཚགས་པར་གཉེར་རྒྱུ་མཐའ་འཁྱོངས་བྱེད་པ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ་ཏང་གི་བཞེད་དགོངས་བརྒྱུད་བསྒྲགས་བྱེད་མཁན་དང་། དུས་རབས་ཀྱི་དུས་བབ་འགྱུར་ལྡོག་ཟིན་ཐོར་འགོད་མཁན། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན། དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་མཁན་བཅས་སུ་འགྱུར་བར་ཧུར་ཐག་བྱེད་དགོས། ཡང་དག་པའི་བསམ་བློ་གཙང་མ་དང་བསམ་བློ་བདེ་ཐང་། མཐུན་སྒྲིལ་བརྟན་ལྷིང་། དྲང་ཕྱོགས་ནས་དྲིལ་བསྒྲགས་བཅས་བྱ་རྒྱུ་གཙོ་བོར་བཟུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་དུ་བསྟར་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་གཅིག་སྡུད་བྱེད་དགོས། གསར་འགྱུར་ལས་དོན་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ལོ་རྒྱུས་ལ་བརྩི་འཇོག དངོས་ཡོད་ལ་བརྩི་འཇོག མི་དམངས་ལ་བརྩི་འཇོག ལག་ལེན་ལ་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ཏེ་དུས་རབས་ཀྱི་དྲི་བར་དངོས་ཡོད་དང་ངོ་མ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་འདེབས་མཁན་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་སྨྱན་བྱད་བརྒྱུད་དུས་རབས་ཀྱི་མཛེས་པ་དང་འཚོ་བའི་མཛེས་པ། གསར་གཏོད་ཀྱི་མཛེས་པ་བཅས་སྔར་ལས་ལྷག་པའི་སྒོ་ནས་མྱོང་ཚོར་ཐུབ་པ་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་མཐོ་རུ་གཏོང་དགོས། སྤུས་ལེགས་ཐོན་རྫས་ཀྱི་འདུ་ཤེས་བཙུགས་ནས་བསམ་བློ་ཡོད་པ་དང་ལྟ་བ་ཡོད་པ། དྲོད་ཚད་ཡོད་པ། གཏམ་རྒྱུད་ཡོད་པ། སྤུས་ཀ་དག་པ། ལྟ་བ་ཡོད་པ། ཤེས་ཡོན་ལྡན་པ་བཅས་ཀྱི་ཚགས་པར་གཉེར་ཏེ། ཚགས་པར་གྱིས་མི་རྣམས་ཀྱི་ཡིད་དབང་འགུག་པ་དང་སློབ་གསོ་གཏོང་བ། དང་བ་འདྲེན་པ་བཅས་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བཏོད་དེ་ཆབ་སྲིད་ཐད་མི་ལ་ཡིད་ཆེས་གང་ལེགས་བྱེད་པ་དང་། ལས་ཀའི་ཐད་བློ་ཁོག་ཆེན་པོས་ཚགས་པར་བེད་སྤྱོད་གཏོང་བ། འཚོ་བའི་ཐད་ལྷག་བསམ་ཟོལ་མེད་ངང་ཚགས་པར་འདོན་མཁན་ལ་སེམས་ཁུར་བྱེད་པ། མི་ཚང་མར་དྲིན་ཚོར་གྱི་བསམ་པ་དང་གུས་ཞེན་གྱི་བསམ་པ། འགན་འཁྲིའི་སེམས་པ་བཅངས་ནས། ཏང་གི་གསར་འགྱུར་བྱ་གཞག་གི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

གྲོས་ཚོགས་ཀྱི་སྔོན་ལ། ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བཏོན་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་གི་པར་རིས་འགྲེམ་སྟོན་ལ་བལྟས་པ་དང་། གྲོས་ཚོགས་ཀྱིས་ཚགས་པར་ཁང་གི་བྱས་རྗེས་འབུར་ཐོན་ཅན་འཇོག་མཁན་ལ་གཟེངས་བསྟོད་བྱས་པར་མ་ཟད། ད་དུང་ཚགས་པར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ། བློ་མཐུན་རྒན་པ། ཀློག་པ་པོའི་འཐུས་མི་བཅས་ཀྱིས་ཚོགས་ཐོག་ནས་གཏམ་བཤད། །

9.jpg

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།