གཏེར་ལེན་ཁ་གྲོང་ཁྱེར་གྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་གསར་པ།

ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།---2019ལོའི་མཚོ་ནུབ་སྲིད་གྲོས་བྱ་བའི་མུ་འབྲེལ་བཅར་འདྲི་དང་པོ་སྟེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་གསར་བ།

微信图片_20191105095815.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས21ཉིན།  མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་རྒྱབ་སྐྱོར་མཛད་པའི“2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་གསར་འགྱུར་སྨྱན་བྱད་སྣ་འཛོམས་བཅར་འདྲི་བྱ་འགུལ”དེ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་འགོ་བརྩམས། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར70ལོན་པ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པ་བཅས་བཀྲ་ཤིས་སུམ་ལྡན་གྱི་དུས་བཟང་དང་འཕྲད་ཡོད་པས། ཐེངས་འདིའི་བྱ་འགུལ་ནི་མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་ཐེངས་དང་པོར་སྤེལ་བའི་གསར་འགྱུར་སྨྱན་བྱད་སྣ་འཛོམས་བཅར་འདྲི་ཡིན་ཞིང། བཅར་འདྲིས་ཐོག་མཐའ་བར་གསུམ་དུ“ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ་དང་། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས”བརྗོད་གཞི་གཙོ་བོར་བཟུང་ཞིང་། “དཔལ་འབྱོར་འཕེལ་རྒྱས”དང“དམངས་འཚོ་ལེགས་བཅོས།” “སྐྱེ་ཁམས་སྲུང་སྐྱོབ”དང“དམར་པོའི་སློབ་གསོ”བཅས་ཀྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་གཙོ་བོར་བཟུང་ནས་བཅར་འདྲི་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིའི་བཅར་འདྲི་ཚོགས་པའི་ནང་ཀྲུང་དབྱང་རླུང་འཕྲིན་དྲ་བ་དང་། ཀྲུང་གོ་བོད་ཀྱི་དྲ་བ་སོགས་གསར་འགྱུར་སྡེ་ཁག་བཅུ་གསུམ་ལྷག་གི་གསར་འགོད་པ་ཞུགས་ཡོད།

WechatIMG22.jpeg

གསར་འགོད་པ་དང་མཚོ་ནུབ་ཁུལ་སྲིད་གྲོས་འགོ་ཁྲིད་ཀྱི་མཉམ་པར།

མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧེ་ལན་འགོ་རྩོམ་མཛད་སྒོར་ཕེབས་ཏེ་གཏམ་བཤད་གནང་ཞིང་བཅར་འདྲི་ཚོགས་པར་བཅར་འདྲིའི་དར་ཆ་སྤྲད།

WechatIMG33.jpeg

འགོ་རྩོམ་མཛད་སྒོའི་ཡུལ་དངོས།

གསར་འགོད་པས་ཐོར་ཀེན་གཞིས་ཁུལ་ནས་རྒྱུས་ལོན་པ་ལྟར་ན། ཐོར་ཀེན་ཞེས་པ་ནི་སོག་སྐད་ཡིན་ཞིང་། “གསར་མདོག་གི་ཕ་གཞིས”ཞེས་པའི་དོན་ཡིན། གཞིས་ཁུལ་འདི་ནི་གྲོང་ཁྱེར་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་དམིགས་ནས་འཛུགས་སྐྲུན་བྱས་པའི་འབྲོག་པའི་གཏན་སྡོད་གཞིས་ཁུལ་འཛུགས་སྐྲུན་ལས་གཞི་ཡིན་པས། རྒྱལ་ཁབ་ཀྱིས་སྒོར་ཁྲི4100བཏང་བ་དང་། འབྲོག་པ་རང་ཉིད་ཀྱིས་སྒོར་ཁྲི8150བཏང་ནས། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཅིང་མང་ཚོགས་ཀྱི་ཡིད་ཚིམ་པའི་རྣམ་པ་གསར་བའི་ཁྱད་ལྡན་གཞིས་ཁུལ་དུ་འཛུགས་བསྐྲུན་བྱས་ཡོད།

WechatIMG24.jpeg

ཐོར་ཀེན་གཞིས་ཁུལ་གྱི་འབྲོག་པའི་དཔེ་མཛོད་ཁང་།

ཐོར་ཀེན་གཞིས་ཁུལ་འདི་གྲོང་ཁྱེར་ཡོངས་ཀྱི་གྲོང་བརྡལ་བཞིའི་འབྲོག་སྡེ་བཅུ་གསུམ་གྱི་ཁྱིམ་ཚང891དང་། འབྲོག་པ3600ལྷག་གཏན་སྡོད་བྱས་པའི་གཞིས་ཁུལ་ཆུང་ཆུང་ཞིག་ཡིན་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས95%ཟིན་པའི་གཞིས་ཁུལ་ཞིག་ཀྱང་ཡིན། གཞིས་ཁུལ་དེར་དབུལ་པོ་ཁྱིམ་ཚང27དང་མི50ཡོད། གཞིས་ཁུལ་གྲུབ་རྗེས། འབྲོག་པ་མང་ཚོགས་ཀྱིས་མཁར་གྲོང་སྡོད་དམངས་དང་ལྷན་དུ་སྡོད་ཁང་དང་རྒན་གསོ། འཕྲོད་བསྟེན། སློབ་གསོ་སོགས་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་གྱུར་ཅིང་། ཕ་རབས་བུ་རྒྱུད་རིང་རྩྭ་ཆུ་བསྙེགས་པའི་འབྲོག་པས་མཁར་གྲོང་གི་འཚོ་བ་རོལ་བ་དང་། རིགས་སོ་སོའི་སྤུན་ཟླ་རྣམས་དང་མཉམ་གཅིག་ཏུ་འཆམ་མཐུན་ངང་མཉམ་གནས་མཉམ་སྐྱོད་ཀྱི་འཚོ་བ་གསར་བ་རོལ་ཐུབ་པར་གྱུར།

WechatIMG30.jpeg

ཐོར་ཀེན་གཞིས་ཁུལ་གྱི་སྣ་འཛོམས་ཞབས་ཞུའི་ལྟེ་གནས།

WechatIMG29.jpeg

ཐོར་ཀེན་གཞིས་ཁུལ་གྱི་འབྲོག་པའི་བྱེད་སྒོ་སྤེལ་གནས།

གསར་འགོད་པས་ཤུག་རུ་སྡེ་གསར་ནས་རྒྱུས་ལོན་པ་ལྟར་ན། སྡེ་གསར་འདི་ནི2017ལོའི་ཟླ3པར་ཞི་ཝང་སྡེ་པ་གནས་སྤོས་ནས་གཞི་ཆགས་པ་ཡིན་ལ། སྡེ་བ་ཡོངས་ལ་སྤྱི་ལེ་སྨི་གྲུ་བཞི་མ3.5ཡོད་པ་དང་། རྒྱུན་སྡོད་མི་གྲངས2104ལྷག་ཡོད། དེར་རྒྱ་དང་སོག་པོ། བོད། ཧུའེ་རིགས། ཧོར་རིགས་སོགས་མི་རིགས་སྣ་མང་འདུས།

WechatIMG32.jpeg

ཤུག་རུ་སྡེ་གསར་གྱི་སྟབས་བདེའི་ཞབས་ཞུ་ལྟེ་གནས།

ཤུག་རུ་སྡེ་གསར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་རྨང་གཞིའི་བཟོ་སྐྲུན་དུ་བཟུང་བ་དང་། མཛེས་སྡུག་དང་བདེ་སྐྱིད། མཐུན་སྒྲིལ། འཆམ་མཐུན་བཅས་ཀྱི་ཞིང་སྡེ་གསར་བའི་དམིགས་འབེན་ལས་དོན་དང་དམ་དུ་སྦྲེལ་ཅིང་། “གོམ་བདུན་བསྐྱོད་པའི་”བྱ་བའི་བྱེད་སྟངས་བརྒྱུད་དེ། མུ་མཐུད་དུ་མི་རིགས་མཐུན་སྒྲིལ་གྱི་ལས་ཀའི་རྨང་གཞི་གསར་འཛུགས་བྱེད་པ་ཇེ་བརྟན་དུ་བཏང་བས། གྲ་དག་སྤུས་གཙང་དང་། ཁྱིམ་མཚེས་འགྲིག་མཐུན། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ཡིན་པའི་ཞིང་སྡེ་གསར་བའི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད།

WechatIMG31.jpeg

ཤུག་རུ་སྡེ་གསར་གྱི་སྡེ་མིའི་གཞིས་གསར།

ཤུག་རུ་སྡེ་གསར་གྱི་སྡེ་མི་ཅི་ཡུས་ལིན་གྱིས། “སྔོན་ཆད། སྡེ་དམངས་ཡོངས་ཀྱིས་ཁྲོན་ཆུ་འཐུང་བ་དང་ལྕི་བའི་དྲོད་ལ་བརྟེན་དགོས་ཤིང་། འགྲིམ་འགྲུལ་ཡང་སྟབས་མི་བདེ། ད་ལྟ་ཤུག་རུ་སྡེ་གསར་དུ་གནས་སྤོས་ནས་ཁང་པ་ཉིས་ཐོག་ཅན་དུ་བསྡད་ཅིང་། རང་བྱུང་སོལ་རླངས་བཀོལ་བ། རང་འབབ་ཆུ་བོ་འཐུང་བ། འགྲིམ་འགྲུལ་སྟབས་བདེ་ལ་སྤྱི་སྤྱོད་རླངས་འཁོར་ཡང་ཡོད། འཚོ་བའི་ཆ་རྐྱེན་ཡང་སྔར་ལས་ལྡབ་འགྱུར་གྱི་ཇེ་ལེགས་སུ་སོང་ཡོད་པ་དང་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་སོང་ཡོད་པ་ཡིན།” ཞེས་གསར་འགོད་པར་བཤད།

WechatIMG25.jpeg

གསར་འགོད་པས་བཅར་འདྲི་བྱེད་བཞིན་པའི་ཡུལ་དངོས།


རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།