མཚོ་སྔོན་གྱི་ཞང་དང་གྲོང་རྡལ 98%ལ་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ས་ཚིགས་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་བསྒྲགས་པའི་ཆ་འཕྲིན་ལྟར་ན།ཉེ་བའི་ལོ་འགའི་རིང་ལ།མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན9000ལྷག་སྒྲུབ་ཀྱིན་ཡོད་ལ།ཞིང་ཆེན་ཡོངས་ཀྱི་མི་གྲངས་ལྟར་རྩིས་བརྒྱབ་ན།མི1000རེའི་ནང་གི་མི་གཅིག་ལ་བཅའ་ཁྲིམས་རོགས་སྐྱོར་ཐོབ་ཀྱིན་ཡོད་པ་དང་།དེ་ནི་སྟོབས་ལྡན་ཞིང་ཆེན་གྱི་མི་རེར་ཆ་སྙོམས་ཀྱིས་ཐོབ་ཀྱིན་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་བསྡུར་གྲངས་རེད།

རང་ཞིང་གིས་ད་རུང་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས55བཙུགས་པ་དང་།ཞང་དང་གྲོང་རྡལ397གྱི་ཁྲིམས་འཛིན་སའོ་རུ་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ས་ཚིགས་བཙུགས་ཡོད་པས།སྡེ་བའི(འདུས་སྡོད་ས་ཁུལ)སྤྱི་གྲངས་ཀྱི96%ཟིན་ཡོད།སྤྱི་ཚོགས་ཚོགས་པའི་རྩ་འཛུགས་དང་དམག་དཔུང་།བཙོན་ཁང་དང་དུག་གཅོད་ཁང་།ལྟ་སྲུང་ཁང་།ཁྲིམས་ཁང་སོགས་ལ་བཅའ་ཁྲིམས་རོགས་སྐྱོར་བྱ་བས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ནས།བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་གཞི་རིམ་གྱི་ལས་ཡུལ་དང་པོར་རྒྱུན་བསྲིངས་པ་དང་།ཞབས་ཞུའི་དྲ་བ་སྔར་ལས་འཐུས་ཚང་དུ་བཏང་།

ཉེ་བའི་ལོ་འདི་འགར།མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བས་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་དང་གྱོད་སྒྲུབ་སྤུས་ཀ་ཇེ་ལེགས།དམངས་ཕན་ཞབས་ཞུའི་ཐབས་ལམ་ལེགས་བསྒྱུར་བྱེད་པ་བཅས་གཙོར་བཟུང་ནས།སྤྱི་ཚོགས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱི་གནས་ཚུལ་ཤེས་པའི་ཚད་དང་ཡིད་ཚིམ་པའི་ཚད།ཐོག་མར་བདམས་པའི་ཚད་བཅས་མངོན་གསལ་གྱིས་ཇེ་མཐོར་བཏང་།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དམངས་འཚོ་བཟོ་འགོད་ཆེན་མོ་བཅུའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས།བཅའ་ཁྲིམས་རོགས་སྐྱོར་ནི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི“མཐིལ་རྟོལ་བཟོ་འགོད”ཅིག་ཏུ་གྱུར་ཡོད་པས།མང་ཚོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་ཆེན་པོ་ཐོབ་ཡོད།

མིག་སྔར།“12348”མཚོ་སྔོན་ཁྲིམས་དྲ་དང“12348”བཅའ་ཁྲིམས་ཞབས་ཞུའི་ཐད་གཏོང་ཁ་པར།ལག་ཐོག“12348”སོགས་ཀྱི་དྲ་བ་བཀོལ་སྤྱོད་བྱས་པ་དང་།སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་འཕྲུལ་ཆས་མི12དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྡིང་ཁང39སོགས་ཀྱི་རིག་ནུས་མཐའ་སྣེ་དག་བཅའ་ཁྲིམས་ཀྱི་ཐོན་ཁུངས་ཉུང་བའི་ས་ཁུལ་དུ་སྐྱེལ་འདྲེན་སྒྲིག་སྦྱོར་བྱས་པས།རིག་ནུས་བློ་འདྲི་དང་དྲ་ལམ་ནས་བཅའ་ཁྲིམས་བློ་འདྲི་བྱེད་པ།དྲ་ལམ་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་འདུན་ཞུ་བ་སོགས་ཀྱི་ཐད་སྔར་ལས་སྟབས་བདེ་བཟོས་ཏེ།བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་དྲ་བ་མུ་མཐུད་དུ་རྒྱུན་བསྲིངས་པ་དང་འཕེལ་རྒྱས་སུ་བཏང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།