མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཏཱ་ལེན་རྩིས་ཚན་སློབ་ཆེན་རྒྱུན་མཐུད་སློབ་གསོའི་སློབ་གླིང་དུ་སློབ་འགོ་ཚུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་།

ཏུའུ་ཅེ་ཡིས་བསྟན་དོན། གསོ་སྦྱོང་བརྒྱུད་ནས་སྔར་བས་ཆབ་སྲིད་ཀྱི་དད་མོས་ཇེ་བརྟན་དང་ཆབ་སྲིད་ཀྱི་འགན་འཁྲི་སྲུང་ནས་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཀྲི་པུའུ་ཧྲུའུ་ཅི་ཡི་རང་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་ཇེ་མཐོར་བཏང་ནས། གཞི་རིམ་ཏང་ཀྲི་པུའུ་དེ་ཏང་གི་བསམ་ཕྱོགས་དྲིལ་བསྒྲགས་དང་ཏང་གི་ཆོད་དོན་ལག་བསྟར་བྱེད་པ། གཞི་རིམ་གྱི་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ཀྱི་མཐུན་སྒྲིལ་ལ་སྐུལ་སློང་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཐབ་འཛིང་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། འགན་འཁུར་ཕོད་དགོས་ལ་ནུས་པ་མཐོར་འདེགས་བཏང་ནས་འགན་ནུས་འཁུར་ཐུབ་དགོས་པ་དང་། སྲིད་གྲོས་ཀྱི་བྱ་བ་ལེགས་པོར་འགྲུབ་དགོས་ན་ཏང་འཛུགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ལ། སྲིད་གྲོས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་འགན་འཁྲིའི་འདུ་ཤེས་དང་འགན་ལེན་འདུ་ཤེས་ཇེ་མཐོར་བཏང་ཞིང་། ཏང་འཛུགས་བྱ་བའི་ནུས་པ་དང་བྱང་ཚད་མཐོར་འདེགས་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ལ་གནས་པའི་གནད་དོན་ཐག་བཅད་དེ་སྲིད་གྲོས་ལས་ཁུངས་ཀྱི་བྱ་བ་སོ་སོར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་བྱེད་དགོས།

ཞིང་ཆེན་ཡོམས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་མ་ལག་གི་ཏང་ཀྲི་པུའུ་ཧྲུའུ་ཅི(ཧྲུའུ་ཅི་གཞོན་པ)81ཉིན་5རིང་གི་གསོ་སྦྱོང་ལ་ཞུགས། ཚང་མས་བཤད་རྒྱུར་ཐོབ་དཀའ་བའི་གསོ་སྦྱོང་གི་གོ་སྐབས་འདི་དམ་འཛིན་བྱས་ནས་སློབ་མའི་འདུ་ཤེས་བཙུགས་ཏེ། གསོ་སྦྱོང་དང་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་སོ་སོའི་བླང་བྱ་ནན་གྱིས་བརྩི་སྲུང་བྱ་དགོས་ལ། སེམས་ལྷོད་ལ་བབས་ནས་སློབ་སྦྱོང་བྱས་ཏེ་གཞུང་ལུགས་སྲིད་ཇུས་དང་ལས་སྒོའི་ཤེས་བྱ་དེ་བྱ་བ་བཟང་བོར་སྒྲུབ་པའི་ནུས་བ་དངོས་ལ་བསྒྱུར་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།