མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཟབ་སྦྱོང་འཛིན་གྲྭ་དངོས་སུ་སྒྲུབ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཟབ་སྦྱོང་འཛིན་གྲྭ་དེ་ཏཱ་ལིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་རྒྱུན་བསྟུད་སློབ་གསོ་སློབ་གླིང་ནས་སྤེལ་འགོ་བརྩམས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ནས་གཏམ་བཤད།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཟབ་སྦྱོང་ལ་བརྟེན་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་དད་མོས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་འོས་འགན་ལག་བསྟར་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་དབང་སྒྲུབ་ནུས་མཐོར་འདེགས་སུ་གཏོང་དགོས་ལ། སྲིད་གྲོས་ཏང་འཛུགས་བྱ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། ཤུགས་ཆེན་པོས་གཞི་རིམ་ཏང་ཀྲི་པུའུ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་གི་འདོད་ཚུལ་དྲིལ་སྒྲོག་བྱེད་པ་དང་ཏང་གི་ཆོད་གཏམ་དངོས་འབེབས་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་སྐུལ་སློང་མཐུན་སྒྲིལ་ཡོང་བར་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཛིང་རགས་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།