དབྱང་ཧྥིན་ཁྲུན་གྱིས་གཅན་ཚ་རྫོང་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོའི་མཛུབ་སྟོན་སྐབས་སུ་ཏང་གི་ལོ་རྒྱུས་དང་ཐོག་མའི་བསམ་འདུན་མི་བརྗེད་པའི་སྐོར་ནས་བརྟག་དཔྱད་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གཅན་ཚ་རྫོང་དུ་སོང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོའི་སྐོར་ནས་རྫོང་རིམ་པའི་རྫོང་དཔོན་གཞོན་པའི་ཡན་གྱི་ཏང་ཡོན་དང་རྫོང་ཨུའི་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་མི་སྣ ། ཞང་དང་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ལ་བརྟག་དཔྱད་མཛུབ་སྟོན་བྱས།

དབྱང་ཧྥིན་ཁྲུན་གྱིས་བརྗོད་དོན་སློབ་གསོའི་དམིགས་འབེན་གྱི་རེ་བ་དང་དམ་པོར་འབྲེལ་ནས་གཏིང་ཟབ་པའི་སྒོ་ནས་བརྗོད་དོན་སློབ་གསོའི་དུས་རབས་ཀྱི་རྒྱབ་ལྗོངས་ལ་དབྱེ་ཞིབ་བྱས་ཏེ་གསོན་ཉམས་ལྡན་པའི་སྒོ་ནས་ཐོག་མའི་བསམ་འདུན་གྱི་དོན་སྙིང་རྒྱས་བཤད་བྱས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཡིད་ལ་དམ་པོར་བཟུང་སྟེ་དེའི་ཁྲོད་ནས་ཐོག་མའི་བསམ་འདུན་དང་ཤེས་རབ་འཚོལ་བ ། མི་དམངས་མང་ཚོགས་ཀྱི་རེ་བ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩིས་ཏེ་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲོད་དུ་ཁ་ཕྱོགས་གསལ་བོར་འཚོལ་བ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཁྲོད་དུ་བྱ་བར་ཇུས་འགོད་ཡང་དག་བྱས་ཏེ་དོན་དག་ལེགས་པོར་སྒྲུབ་དགོས། ཏང་ཡོན་ལས་བྱེད་པར་ཚང་དགོས་པའི་ནུས་པ་ཆེན་པོ་བརྒྱད་དམིགས་འབེན་དུ་བརྩིས་ཏེ་སྒྲུབ་པའི་ཁྲོད་དུ་སློབ་པ་དང་སློབ་པའི་ཁྲོད་དུ་སྒྲུབ་པའི་རྩ་དོན་ལག་བསྟར་བྱས་ཏེ་ཏང་གི་འགོ་ཁྲིད་རྒྱུན་འཁྱུངས་དང་མང་ཚོགས་ལ་བརྩི་བཀུར་བྱེད་པ་རྩ་བའི་འོས་འགན་དུ་བརྩི་དགོས། ཐོག་མཐའ་བར་གསུམ་ཏུ་ཚད་མཐའ་དམ་སྲུང་བྱེད་པ་དང་ཉེན་ཁར་འགོག་སྲུང་བྱེད་པ། ཆབ་སྲིད་ཀྱི་གཏན་གནས་སྲུང་འཛིན་བྱས་ཏེ་སྒྲིག་ལམ་ཁག་གི་རྣམ་གྲངས་དམ་སྲུང་བྱེད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གུང་བཀུར་འདུ་ཤེས་དང་གཞུང་དྲང་འདུ་ཤེས་སྤྱོད་གཙང་འདུ་ཤེས་དར་སྤེལ་གཏོང་དགོས།

ལས་རྐང་གཅིག་ལ་འོས་འགན་གཉིས་ལག་བསྟར་བྱས་ཏེ་བརྗོད་དོན་སློབ་གསོའི་བྱ་བར་ཕན་འབྲས་ལེགས་པོ་ལོན་པར་ཁག་ཐེག་བྱས་ཏེ་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།