མཚོ་སྔོན་ཞིང་ཆེན་གྱི་རང་གཉེར་སྨྱན་བྱེད་མནའ་འབྲེལ་དབུ་བརྙེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་10ཚེས་14ཉིན། མཚོ་སྔོན་ཞིང་ཆེན་གྱི་རང་གཉེར་སྨྱན་བྱེད་མནའ་འབྲེལ་དབུ་བརྙེས་པའི་ཚོགས་ཆེན་དང་“དམར་པོས་མཚོ་སྔོན་སྒུལ་བའི་”དྲ་རྒྱའི་མི་སྣ་གཞི་རིམ་དུ་བསྐྱོད་པའི་བརྗོད་གཞི་རྟོག་ཞིབ་སློབ་སྦྱོང་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་ཟི་ལིང་དུ་བསྡུས།

མཚོ་སྔོན་ཞིང་ཆེན་གྱི་རང་གཉེར་སྨྱན་བྱེད་མནའ་འབྲེལ་ནི། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དྲ་འཕྲིན་གཞུང་ལས་ཁང་གཉིས་ཀྱིས་མཉམ་དུ་འཆར་འགོད་སྐུལ་འདེད་བགྱིས་པ་དང་། ཞིང་ཆེན་ནང་ཁུལ་གྱི་འཕྲིན་སྦྲེལ་དྲ་བ་ཁག་ཅིག་གིས་ཧུར་བརྩོན་གྱིས་གྲོས་འགོ་བཏོན་ཅིང་། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་འཕྲིན་སྦྱོར་གསར་པ་རྣམས་ལྷན་དུ་ཞུགས་ནས་གྲུབ་པ་ཞིག་ཡིན།

མཚོ་སྔོན་ཞིང་ཆེན་གྱི་རང་གཉེར་སྨྱན་བྱེད་མནའ་འབྲེལ་སྐབས་དང་པོའི་ཁོངས་ཞུགས་ལས་ཁུངས་40ཡོད་ཅིང་། དེ་ལས་འཕྲིན་སྦྱོར་གསར་པའི་སྟེགས་བུ24ཡོད་པ་ནི། ཅོའོ་མའོ་མའོ། ཀྲའོ་ཝེ་ཚན་རྩལ། མཚོ་སྔོན་ཆེན་མོའི་དྲ་བ། མཚོ་སྔོན་གསར་འཛུགས་པ། མཚོ་སྔོན་དྲ་བ། ཟི་ལིང་སྐུད་ལམ་དྲ་བ། གྲགས་ཆེའི་འཚོ་བ་ཆུང་ཆུང་། མུའུ་སི་ལིན་སྐུད་ལམ། མཚོ་སྔོན་སྐུད་ལམ་དྲ་བ། མཚོ་སྔོན་བློ་གྲོས་འཕེལ་སྐྱེད། ཟི་ལིང་ཁམས་བཟང་། མེན་ཧོ་ཁཱོང་ཡུན། ཧོ་ཀྲའོ་ཆ་འཕྲིན་སྲང་ལམ། ནུབ་རྒྱུད་གསེར་རྐོ་བ། ཚྭ་འདམ་གཞུང་དངུལ་རྩ་ཆུང་ཆུང་། མཚོ་ནུབ་སྐུད་ལམ། ཟི་ལིང་58ཐོང་ཀྲིན། ཁྲི་ཀའི་སྐུད་ལམ། ཟི་ལིང་མྱུལ་བ། མཚོ་བྱང་དགའ་ཁྱིམ་གླིང་། མཱ་ཡུང་གི་ཞབས་འབྲང་། མཐོ་སྒང་དྲ་བ། ཡུལ་ཤུལ་ཨེ་མ་ཧོ། ཟི་ལིང་ཁང་ཚོང་དྲ་བ། དྲ་བ་ཚོགས་པའི་རྩ་འཛུགས། མི་སྒེར་དྲ་བ་ཨང་ཆེན། དྲ་ཐོག་རྩོམ་པ་པོ། དྲ་ཐོག་གཙོ་གཏོང་། བརྙན་ལམ་སྐད་གྲགས་ཅན་སོགས་དང་། དྲ་ཐོག་གྲགས་ཅན་མི་སྣ་16ནི་མཚོ་སྔོན་གྱི་ཧྭ་ཨར་རྒྱལ་སྲས་མཱ་ཅོན་དང་། ཧུན་སའོ་ཐེན་ཡཱ། ཁུན་ཞང་རུན། མཚོ་སྔོན་གྱི་དོན་དེ་ཙམ་པོ། སྒོར་ཅོག ཞཱ་ཏུའུ་ཀུན་ཕན། བརྩེ་བའི་གཡོར་གྲུ། གཞིས་ཁྱིམ་དྲོད་མོ། ཞི་ཕིང་ཅོན་སུའུ་མཱ། པའེ་ལྕམ་མོའི་མག་པ། ཚྭ་འདམ་གཞུང་དུ་སྐྱོད་པ། བོད་ཡུལ་ཅུག་གུ། ཐོང་ཞའོ་ཡཱ། མཚོ་སྔོན་ཧྲིག་ཙུང་། ཨ་ཅེ་མཱོ་ལེ། མཚོ་སྔོན་ཅོན་ཙི་བཅས་ཡིན།

རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་དྲ་ཚིགས་8000ལྷག་དང་། སྐད་འཕྲིན་སྤྱི་སྟེགས་116000ལྷག གཏན་འཇགས་འཕྲིན་སྦྲེལ་དྲ་བ་ཁྲི་172དང་སྒུལ་བདེ་ཐགས་ཡངས་བཀོལ་མཁན་ཁྲི་573ཡོད། མནའ་འབྲེལ་བཙུགས་པ་དེས་རང་ཞིང་གི་རང་གཉེར་སྨྱན་བྱེད་ལས་རིགས་རང་གཅུན་དང་བདེ་འཇགས། རིམ་ལྡན་གྱིས་འཕེལ་རྒྱས་ཡོང་བ་དང་། དྭངས་གཙང་གི་དྲ་བའི་ཁོར་ཡུག་ཅིག་བསྐྲུན་པར་གལ་ཆེ་ཞིང་ཡར་སྐུལ་གྱི་དོན་སྙིང་ཆེན་པོ་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།