མཚོ་སྔོན་ཞིང་ཆེན་གྱི་རིག་ལྡན་གློག་སྤྱོད་མ་ལག་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་མཐུན་ཚོགས་ཀྱིས་ཁེ་ལས་མང་པོ་དང་མཉམ་དུ“རིག་ལྡན་གྲོང་ཁྱེར”—མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་གློག་སྤྱོད་སྐྱེལ་འདྲེན་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་མ་ལག(རིག་ལྡན་གློག་སྤྱོད་མ་ལག)སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དེ་མཚོ་སྔོན་ཞིང་ཆེན་གྱིས་རིག་ལྡན་གློག་སྤྱོད་དང་རིག་ནུས་སྐྱེལ་འདྲེན་སྲུང་སྐྱོང་སོགས་ལག་རྩལ་གསར་པ་ཁྱབ་གདལ་ཧུར་ཐག་བཏང་བ་དང་དོ་དམ་བྱེད་ཐབས་ཕྱོགས་ཀྱི་ཐད་གོམ་སྟབས་གསར་པ་ཞིག་སྤོས་པ་མཚོན་ཡོད།

རིག་ལྡན་གློག་སྤྱོད་མ་ལག་ནི་དེང་རབས་ཀྱི་གློག་རྡུལ་ལག་རྩལ་དང་། འཕྲིན་གཏོང་ལག་རྩལ། རྩིས་འཁོར་དང་དེ་བཞིན་དྲ་རྒྱའི་ལག་རྩལ་བཅས་སྤྱད་དེ་གློག་སྒྱུར་དྲ་སྦྲེལ་ལྟ་ཞིབ་ཚད་ལེན་དང་། ཚོད་འཛིན། ཚད་འཇལ་བཅས་ཀྱི་དོ་དམ་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔོན་ཐོན་གྱི་ཁྱབ་ཚུལ་རྣམ་པའི་ཐོག་ནས་ཐག་གཅོད་བྱེད་པ་དང་། དྲ་རྒྱའི་འཕྲིན་གཏོང་དང་དེ་བཞིན་ས་གནས་ས་ཐོག་གི་སྤྱིའི་སྐུད་ལམ་གྱི་ལག་རྩལ་སྤྱོད་པ། ཚད་ལེན་ཚོད་འཛིན་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ནས་གློག་སྤྱོད་མཁན་ལ་གློག་སྒྱུར་ས་ཚིགས་ཀྱི་འཁོར་སྐྱོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། འབྲེལ་ཡོད་སྒྲིག་ཆས་བཀོལ་སྤྱོད་བྱེད་པ། སྐྱོན་གྱི་རྒྱུ་རྐྱེན་དུས་ཐོག་ཏུ་གྲལ་བཤེར་བྱེད་པ། འཕྲལ་མར་ཐག་གཅོད་བྱེད་པ་བཅས་བྱས་ནས་གློག་འདོན་མ་ལག་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད། གྲངས་གཞི་བརྗེ་རེས་བྱས་པ་བརྒྱུད་གོང་རིམ་གྱི་བཀོད་གཏོང་དང་འབྲེལ་མཐུད་ཐུབ་པ་དང་། རྒྱུད་ཁོངས་ཡོངས་ཀྱི་ཆ་འཕྲིན་ལ་ཕྱོགས་བསྡུས་དོ་དམ་བྱས་ནས་གློག་མཁོ་འདོན་དོ་དམ་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་སྔར་བས་མཐོ་རུ་གཏོང་རྒྱུ་རེད།

མིག་སྔར་མཚོ་སྔོན་ཞིང་ཆེན་འདི་ཉིད་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་སྔར་བས་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། འོན་ཀྱང་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་དང་གྲོང་ཁྱེར་འཕེལ་རྒྱའི་ཕྱོགས་ལ་འདེགས་སྐྱོར་གསར་པ་དང་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་གློག་ཤུགས་ཁོར་ཡུག་གཏོད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།