མཚོ་སྔོན་གྱིས་མཁར་གྲོང་དབུལ་ཕོངས་མང་ཚོགས་ལ་དགུན་དུས་ཀྱི་དྲོད་འདོན་རོགས་དངུལ་སྟེར་བའི་ལས་ཀ་ཡོངས་སུ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཁར་གྲོང་དབུལ་ཕོངས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་དགུན་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་སྲུང་བྱ་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་བཀོད་སྒྲིག་བླང་བྱ་ལྟར། ས་གནས་ཁག་གི་དམངས་སྲིད་སྡེ་ཁག་གིས་དབུལ་ཕོངས་མང་ཚོགས་ལ་དྲོད་འདོན་རོགས་དངུལ་སྟེར་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་། གྲོང་ཁྱེར་གྱི་དབུལ་རྐྱང་ལ་སོགས་ལ་ལོ་རེར་ཁྱིམ་ཚང་རེར་སྒོར1000རེ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། དབུལ་རྐྱང་ཁྱིམ་ཚང་རེར་ལོ་རེར་སྒོར800ཡི་ཚད་གཞི་ལྟར། ཟླ10པའི་ཚེས15ཡི་ཡར་སྔོན་ལ་དྲོད་འདོན་རོགས་དངུལ་དཀའ་ངལ་ཅན་གྱི་མང་ཚོགས་ལ་སྟེར་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག དབུལ་ཕོངས་མང་ཚོགས་ཀྱི་མ་མཐའི་འཚོ་བར་དོ་ཁུར་ཚད་མེད་བྱས་ནས། དགུན་དུས་ཀྱི་དྲོད་འདོན་པར་དཀའ་ཁག་ཆེ་བའི་ཁྱིམ་ཚང་དག་གི་དཀའ་ནད་དུས་ཐོག་ཏུ་སེལ་རོགས་བྱས་པ་རེད།

ད་རག་བར་དུ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་དང་།མགོ་ལོག་དང་མཚོ་ནུབ་ཁུལ་གྱི་དྲོད་འདོན་རོགས་དངུལ་ཡོངས་སུ་བྱིན་ཚར་ཡོད་ཅིང་། ལྷག་མའི་ས་ཁུལ་གཞན་དག་གིས་ཉིན་འདི་དག་ལ་སྟེར་རྒྱུ་ཡིན་པ་རེད། ཐེངས་འདིའི་དགུན་དུས་དྲོད་འདོན་རོགས་དངུལ་སྲིད་ཇུས་དེས་ཞིང་ཆེན་ཡོངས་ཀྱི་དབུལ་ཁྱིམ་ཁྲི13.65ལ་ཕན་བདེ་བསྐྲུན་པ་དང་། རགས་རྩིས་ལྟར་ལ་སྒོར་དུང་ཕྱུར1.2ལྷག་སྟེར་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།