མཚོ་སྔོན་རྒྱུགས་ཁུལ་གྱི་2019ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་“ཁྲིམས་རྒྱུགས”བདེ་ལེགས་ངང་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་13ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཡི་ཐོག “རྒྱུགས་ལེན་མཇུག་སྒྲིལ”ཞེས་བའི་བཀའ་བརྡ་བསྒྲགས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་2019ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་རང་ངོས་རྒྱུགས་གཞིའི་རྒྱུགས་ལེན་བདེ་ལེགས་ངང་མཇུག་སྒྲིལ་ཅིང་། མཚོ་སྔོན་རྒྱུགས་ཁུལ་གྱི་2019ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲིམས་ལུགས་ཐོབ་ཐང་རྒྱུགས་ལེན་བྱ་བ་བདེ་བླག་ངང་མཇུག་སྒྲིལ་བ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རང་ངོས་རྒྱུགས་ལེན་ལ་མིང་ཐོ་འགོད་མཁན་མི་1355ཡོད་ཅིང་། དེའི་ནང་2018ལོར་གཞན་གྱུར་རྒྱུགས་གཞིར་ཡིག་ཚད་ལོན་པའི་མི་253འདུ། དངོས་སུ་རྒྱུགས་ཞུགས་པ་མི་1327ཡོད་ལ། རྒྱུགས་ལ་ཞུགས་ཚད་97.9%ཡིན། བོད་སྐད་ཡིག་གི་ལམ་ནས་རྒྱུགས་ཞུགས་པ་མི་52ཡོད་ལ་ཚང་མ་རྒྱུགས་ལ་ཞུགས་ཡོད་པས་རྒྱུགས་ཞུགས་ཚད་100%ཡིན།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རང་ངོས་རྒྱུགས་ལེན་གྱིས་ཐེངས་དང་པོར་འཕྲིལ་ཆས་རྒྱུགས་ལེན་དང་ཤོག་ངོས་རྒྱུགས་ལེན་མཉམ་སྦྲེལ་བྱས་པས། རྩ་འཛུགས་འགན་སྲུང་གི་བྱ་བའི་དཀའ་ཁག་ཆེར་ཕྱིན་ཡོད། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཐོང་ཆེན་གནང་སྟེ་སྔ་མོ་ནས་ལྟ་གོན་བྱས་ཤིང་། ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་ཏེ་འགོ་ཁྲིད་གཙོ་ཤོས་དག་གིས་རྒྱུགས་ལེན་ལ་ལྟ་བཤེར་དང་། འབྲེལ་ཡོད་ཐིང་གི་འགོ་ཁྲིད་ཀྱིས་རྒྱུགས་ལེན་ལྟ་རྟོག་པ་བྱས་ནས་རྒྱུགས་ལེན་བྱ་བའི་ཕྱོགས་ཡོངས་དང་རྒྱུགས་ར་སོ་སོར་ལྟ་རྟོག་ཞིབ་བཤེར་ནན་མོ་བྱས། གཞན་གྱུར་རྒྱུགས་གཞི་དང་རང་ངོས་རྒྱུགས་གཞི་མཇུག་སྒྲིལ་བ་དེས་མཚོ་སྔོན་གྱིས་ཡང་བསྐྱར་བདེ་ལེགས་ངང་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲིམས་རྒྱུགས་ལེགས་འགྲུབ་བྱུང་བ་མཚོན་ལ། “ཁྲིམས་འཛིན་རྒྱུགས་ལེན”་ནས་“ཁྲིམས་ལུགས་རྒྱུགས་ལེན་”གྱི་རྒྱུགས་ལེན་རྩ་འཛུགས་ལག་བསྟར་བྱ་བར་བསྟུད་མར་ལོ་ངོ་18རིང་ལ་“ནོར་འཁྲུལ་མེད”་ཅིང་“འཐུས་ཤོར་མེད་”པའི་དཔེ་ལེགས་བཞག་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།