མཚོ་སྔོན་ཉེན་རྟོག་གིས་ལོག་ཆོས་སྤེལ་མཁན་ཚོགས་པ་ཞིག་རྩ་གཏོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཉེན་རྟོག་གིས༼རྗེས་འཇུག་ཚོགས་པ༽ཞེས་པའི་ལོག་ཆོས་ཁོངས་མི329བཟུང་ཞིང་མཚོ་སྔོན་དུ་ཡོད་པའི་རྩ་འཛུགས་རྩ་གཏོར་བྱས།

ཉེ་ལམ། སྤྱི་བདེ་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི༼རྗེས་འཇུག་ཚོགས་པའི༽ལོག་ཆོས་རྩ་འཛུགས་ཀྱི་རྩ་འཛུགས་མ་ལག་དང་བྱེད་སྒོ་རྩད་གཅོད་གཙང་སེལ་བྱེད་པའི་རྨང་གཞིའི་ཐོག  མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་རུབ་བཅོམ་བྱས་ཤིང་། རྗེས་འཇུག་ཚོགས་པའི་ལོག་ཆོས་རྩ་འཛུགས་ཁག་གི་རྐང་འཛིན་མི་སྣ329བཟུང་ལ། ལོག་ཆོས་བྱེད་སྒོའི་མ་དངུལ་སྒོར་ཁྲི86.05ལག་སོན་བྱུང་བ་དང་། གྱོད་གཞི་དང་འབྲེལ་ཡོད་ཀྱི་ལག་ཆ་དང་བྱམས་སྐྱོང་གི་དངོས་རྫས་འབོར་ཆེན་རྩིས་ལེན་བྱས་ནས་ལོག་ཆོས་དེའི་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བའི་རྩ་འཛུགས་མ་ལག་མེད་པར་བཟོས།

༼རྗེས་འཇུག་ཚོགས་པ༽ཞེས་པ་ནི1995ལོར་སྲིད་གཞུང་གིས་ལོག་ཆོས་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ་བཀག་སྡོམ་བྱས་པ་རེད། གཞན་ལ་གཡོ་ལྷད་མགོ་སྐོར་གཏོང་ཆེད། དེང་སྐབས་རང་མིང་ལ་ཡེ་ཤུ་གསུམ་བླུ་དང་། འབྲུ་སྲང་གཉིས་ཆོས་སོགས་བཏགས་ཤིང་། ཡེ་ཤུའི་ཆོས་ལུགས་ཀྱི་མིང་གཡར་ལ། དམ་པའི་གསུང་རབ་སྦྱོང་བར་ཁ་གཡར་ནས་གཞན་ལ་བསླུ་བྲིད་དང་། འཇིགས་སྐུལ། དྲག་ཤུགས། ཁྲིམས་འགལ་བཀག་སྐྱིལ་སོགས་ཀྱི་ཐབས་ལ་བརྟེན་ནས་དད་ལྡན་པ་འཕེལ་རྒྱས་གཏོང་བ་དང་། རྒྱུན་དུ་ཡེ་ཤུའི་ཆོས་ལུགས་སོགས་ཀྱི་མིང་ཐོག་ནས་ཆོས་སྤེལ་བཞིན་ཡོད། ཆེས་ཐོག་མར་ཚོགས་མི་འགུག་སྐབས་སྒོར་མོ་མི་གླེང་བ་དང་། དུས་མཇུག་ཏུ༼བྱམས་སྐྱོང་༽ཞེས་པའི་མིང་བཏགས་ཏེ་རྒྱུ་ནོར་གཡོ་ལེན་བྱེད་པ་རེད། 

རྡུང་རྡེག་ལས་གཡོལ་ཆེད། ལོག་ཆོས༼རྗེས་འཇུག་ཚོགས་པས༽འདུ་འཛོམས་བྱེད་སའི་ས་གནས་བསྟུད་མར་བརྗེ་བཞིན་ཡོད། ཁོངས་མི་ཚོགས་པར་ནང་འཇུག་མ་བྱས་གོང་། སྔོན་ལ་ད་དུང་གསང་བའི་སྒོ་ནས་ལྟ་རྟོག་བྱེད་ཅིང་། མཐའ་འཁོར་གྱི་མི་ལ་དབྱེ་ཞིབ་བྱེད། བསྡུ་དུས་ལས་འཁྱུར་ངལ་གསོ་པ་དང་། སྟོབས་ཞན་ནད་པ་དབང་སྐྱོན་གྱི་མང་ཚོགས་ལ་ལག་བསྲིང་ནས། དབྱེ་འབྱེད་ནུས་པ་ཞན་པ་དང་། གནས་ཚུལ་ངོ་མ་མི་གསལ་བའི་མི་སེར་རྣམས་ལ་ཤེས་མེད་ཚོར་མེད་དུ་མགོ་སྐོར་གཏོང་བ་རེད།

རྗེས་འཇུག་ཚོགས་པ༽ཞེས་པའི་ལོག་ཆོས་ཚོགས་པའི་དོགས་ཡོད་ཉེས་ཅན་དང་གྱོད་འབྲེལ་དངོས་པོ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།