མཚོ་ཤར་གྱིས་དབུལ་ཐར་འགག་སྒྲོལ་གྱི་ལྡོག་ལན་གནད་དོན་ཕན་འབྲས་ཅན་དུ་བཅོས་སྒྲུབ་བྱ་རྒྱུར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས11ཉིན། མཚོ་ཤར་གྲོང་ཁྱེར་གྱིས་དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་གྱི“ཕྱིར་མིག་ལྟ་བའི”ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཀྲུང་དབྱང་གི་ཆེད་དོན་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་ལྟ་སྐུལ་ཙུའུ་ཀྲང་། ཞིང་ཆེན་བཅོས་སྒྲིག་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལི་ཆིང་ཁྲོན་དང་། གྲོང་ཁྱེར་ཏང་ཨུ་རྒྱུན་ཨུ་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཕན་ཧྥུང་། གྲོང་ཁྱེར་ཏང་ཨུ་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་སང་ཝུན་ཅུན་བཅས་ཚོགས་འདུར་ཞུགས་པ་རེད།

གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་གྱི་གནས་ཚུལ་གསན་རྗེས། ལྟ་སྐུལ་གྱི་བླང་བྱ་ལྟར་ཆབ་སྲིད་གོ་རྟོགས་ཀྱི་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཚད་མཐོན་པའི་སྒོ་ནས་ལངས་ཏེ་འགན་འཁྲི་སྔར་བས་ཆེ་རུ་བཏང་བ་དང་།ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི“ཕྱིར་མིག་ལྟ་བའི”གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཟེར། རང་འགུལ་ངང་གཞོགས་འདེགས་དང་། དངོས་ཐོག་བདེན་འཚོལ། གནད་དོན་ཕྱོགས་ཡོངས་ནས་ཇི་མ་ཇི་བཞིན་གོང་ཞུ། ཡིག་ཆ་དང་། ཡིག་ཚགས། དཔྱད་ཡིག་བཅས་དུས་ཐོག་དང་འཕྱུགས་མེད་ངང་མཁོ་འདོན་བཅས་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དང་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་དང་ནུས་པ་དངོས་འབྲེལ་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་པའི་བརྒྱུད་རིམ་དེ་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱེད་པའི་བརྒྱུད་རིམ་དང་། རང་སྐྱོན་རང་ཞིབ། རང་ངོས་མཐོར་གཏོང་བཅས་ཀྱི་བརྒྱུད་རིམ། ལས་དོན་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ལ་ཕན་བདེ་སྐྲུན་པ། མང་ཚོགས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་བརྒྱུད་རིམ་བཅས་སུ་བརྩིས་ནས་ཞན་ཆ་གསབ་པ་དང་། དྲག་ཞན་རྣམ་གྲངས། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཟེར།

གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་། རྫོང་དང་ས་ཁུལ་ཁག་གི་འགན་འཁུར་བ་གཙོ་བོ། གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།